| | e-texts navigator
|
228b1 བདེ་བ་སྐྱེས་ཏེ། ། མུ་ཏིག་གི་དྲི་བ་ནོར་བུ་རིན་པོ་ཆེ་འབུམ་གྱིས་སྦས་པ། དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། མངོན་སུམ་དུ་བཅོམ་ལྡན་འདས་ལ་རྡུ
228b2 དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། མི་དབང་ཟླ་བ་དྲི་མེད་འོད་ཀྱི་ཞལ། གཟི་བརྗིད་མཐའ་ཡས་ལྷ་དང་མིས་མཆོད་པ། མཚུངས་མེད་སྟོབས་ལྡན་མཐའ་ཡས
228b3 ཤུགས་མངའ་བ། ། ཡེ་ཤེས་ཚད་མ་མཆིས་ལ་མགོས་ཕྱག་འཚལ།། ཕན་པར་མཛད་པའི་ཡེ་ཤེས་ཚད་མ་མཆིས།། དེ་བཞིན་ཤེས་རབ་འོད་ཀྱང་བསམ་མི་ཁྱབ།། ཚུལ་ཁྲིམས་དྲི་མེད
228b4 རབ་བརྟན་རྣམ་པར་དག། མི་དབང་མཁའ་དཀྱིལ་འདྲ་ལ་ཕྱག་འཚལ་ལོ།། བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར། སྤྱོད་པ་སྦྱང་ནས་སངས་རྒྱས་ཡེ་ཤེས་བརྙེས། དེས་ན་འགྲོ
228b5 བའི་སྤྱོད་པ་རབ་ཏུ་མཁྱེན། ། དེ་བཞིན་དེ་དག་དབང་པོ་བསམ་པ་མཁྱེན།། འཇིག་རྟེན་བཅོམ་ལྡན་གཟུགས་དང་མཚུངས་མ་མཆིས།། དེ་ཕྱིར་འགྲོ་བས་ལྟ་བ་ཆོག་མ་འཚལ།། དེ་ཡི་ཉོན་མོངས
228b6 སྐྱེ་བར་མི་འགྱུར་ཞིང་། ། དེ་ཚེ་ཉོན་མོངས་ཐམས་ཅད་རབ་ཏུ་ཞི།། ཀ་ལ་བིངྒ་ཁུ་བྱུག་མི་འམ་ཅི།། དེ་བཞིན་ཚངས་པའི་སྒྲ་དང་ལྷ་མིན་སྒྲ།། ཕྱོགས་བཅུ་དག་ན་ཡིད་འོང་སྒྲ་དེ་དག། བདེ
228b7 གཤེགས་གསུང་གཅིག་གིས་ནི་ཟིལ་གྱིས་མནན། མཁའ་ལས་ཟླ་བ་ས་ལ་ལྟུང་ཡང་གདའ། རྒྱ་མཚོ་བསྐམས་ཤིང་རི་རབ་བརྙི་ལ་ཡང་གདའ།། ས་ལ་གནམ་ལྷུང་དུམ་བུ་བརྒྱར་འགྱུར་གདའ།
iiif viewer powered by OpenSeadragon
228a - 229a