| | e-texts navigator
|
222b1 འདོན་རྟོགས་ནས་ཀྱང་། ། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན།། ཡི་གེ་འདི་དག་ལུས་ལ་མི་གནས་ཤིང་།། ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ།། ཇི་ལྟར་བྲག་ཆའི་སྒྲ་ནི་ཐོས་པ་བཞིན
222b2 ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན། ། གཟུངས་འདི་ཡི་གེ་རྣམས་དང་སྒྲ་ལ་མེད།། ཚིག་གི་ལམ་དང་ལུས་དང་ངག་ལའང་མེད།། དེ་ལྟར་ཡི་གེའི་ཚུལ་རྣམས་རྟོགས་པ་ན།། སྨྲས་ཀྱང་དེ
222b3 ཡི་ཚེ་ནི་ཐོགས་མེད་པ། ། དེ་ནི་སྟོན་ཀྱང་ཡིད་ལ་རྣམ་རྟོག་མེད།། སེམས་ལའང་རློམ་སེམས་བྱེད་པ་ཡོང་མེད་དེ།། འོན་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད་རབ་ཏུ་འཐད་པའི
222b4 ཆོས་ཀྱང་སྟོན། ། གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན།། སོ་སོ་ཡང་དག་རིག་པ་ཞི་རྗེས་སུ་རྟོགས།། དོན་ལ་རབ་བསྲབས་ཆོས་ཉིད་ཆོ་ག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིག་ལ་མཁས
222b5 དེ་བཞིན་སྤོབས་པ་ཐོགས་མེད་ཚད་ཀྱང་མེད། ། དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ།། དེ་བཞིན་སྣ་ཚོགས་ཟབ་མོ་བསྟན་པ་ཤེས།། དེ་ནི་ལུགས་འབྱུང་ལུགས་ལས་བཟློག་པའང་ཤེས།། མཐོ
222b6 དམན་འགྲོ་བ་རྣམས་ལའང་ཕ་མཐར་ཕྱིན། ། སེམས་ཞུམ་པ་ན་རབ་ཏུ་འཛིན་ལ་མཁས།། དེ་བཞིན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དག་ལ་བྱ་བའི་ཚུལ་ཀུན་ཤེས།།
222b7 ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ལ།། ཤེས་པ་ཐོགས་མེད་རྣམ་པར་ངེས་པར་འཇུག། གཟུངས་དང་ལྡན་པ་ཚིག་ལ་འཁྲུལ་པ་མེད།། ཉེས་པ་སྤངས་ཤིང་བསྟན་པོར་གྱུར་པ་ཡིན།།
iiif viewer powered by OpenSeadragon
222a - 223a