| | e-texts navigator
|
222a1 པ་གཟུགས་འཆང་དག་པ་སྟེ། ། དེ་ལ་ལྟ་བས་སྐྱེ་བོ་ཆོག་མི་ཤེས།། སྤྱོད་ལམ་དང་ནི་སྤྱོད་པ་ཤེས་བཞིན་རྒྱུ།། འགྲོ་ལ་ཕན་དོན་བྱེད་ཅིང་འཇིག་རྟེན་རྒྱུ།། གང་ཚེ་གཟུངས
222a2 འདི་ཐོབ་པར་གྱུར་པ་ན། ། བརྒྱ་བྱིན་དེ་བཞིན་ཚངས་པ་འཇིག་རྟེན་སྐྱོང་།། དེ་ཡི་རྐང་མཐིལ་དུ་ནི་གུས་པར་འདུད།། འོན་ཀྱང་དེ་ཡིད་གང་དུའང་ཁེངས་པ་མེད།། དེ་ནི་སྐད་སྙན་ཚངས་པའི་དབྱངས
222a3 དང་ལྡན། ། སྐྱེ་བོའི་ཡིད་ནི་རྣམ་སྦྱོང་མགུ་བར་བྱེད།། སྐྱོན་མེད་སྙན་ཅིང་དག་ལ་དུས་སུ་སྨྲ།། དེ་ཡི་བསྟན་པ་དོན་མེད་ཡོད་མི་འགྱུར།། གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན།། དེ་ནི་འཁོར་གྱི
222a4 ནང་དུ་འཇིགས་པ་མེད། ། སེང་གེའི་སྒྲ་ཆེན་མི་འཇིགས་སྒྲོགས་པར་བྱེད།། ཕ་རོལ་ཚོགས་རྣམས་ཐམས་ཅད་རབ་ཏུ་འཇོམས།། སེམས་ཅན་གཡོན་ཅན་གདུལ་དཀའ་ང་རྒྱལ་ཁེངས།། མངོན
222a5 པའི་ང་རྒྱལ་སྐྱོན་ལྡན་གང་ཡིན་པ། ། དེ་དག་མཁས་པའི་ཆོས་ནི་ཐོབ་གྱུར་ན།། ང་རྒྱལ་སྤངས་ནས་རྐང་མཐིལ་འདུད་པར་བྱེད།། ཆོས་ཀྱི་དབྱིངས་ནི་རང་བཞིན་ཞི་བ་དང་།། དོན་རྟོགས་དང་ནི་ཆོས་ཉིད
222a6 ངེས་པར་ཤེས། ། དེ་ཕྱིར་ཆོས་ནི་གཏན་ལ་འབེབས་པ་དང་།། ཡི་གེ་འབྱེད་ལ་དེ་ཡི་ཆོག་མི་ཟད།། སེམས་ཅན་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས།། དེ་བཞིན་བདག་ཉིད་རྣམ་དག་དེ་ཡིས་ཤེས།།
222a7 དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས་པས།། དེ་ཡི་ཆོས་རྣམས་བརྟན་པ་ཐོགས་པ་མེད།། ཟད་པ་ནམ་ཡང་ཟད་པར་མི་ནུས་ལ།། མི་ཟད་པ་ཡང་ནམས་ཀྱང་ཟད་མི་འགྱུར།། ཆོས་ཉིད་ར་བཞི
iiif viewer powered by OpenSeadragon
221b - 222b