| | e-texts navigator
|
218b1 ཞུགས་ན། གཎ་རའི་སྒྲ་དེ་དེའི་འགོག་པ་ལ་ཡང་མི་གནས་མ་འབྲེལ་མོད་ཀྱི་གཎ་རའི་སྒྲ་དེས་འགོག་པ་ལས་ལྡང་ངོ་།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན
218b2 ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་གནས་པར་བྱས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ། ཡོངས་སུ་དགྲོལ་བར་བྱའོ་ཞེས་བྱང་ཆུབ་ཀྱི
218b3 རྣམས་པས་མངོན་པར་བསྒྲུབས་པའི་བྱམས་པས། སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱས་ནས། ཟབ་པ་ཟབ་མོར་སྣང་བ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་རྒྱུ་བའི་ཏིང་ངེ་འཛིན
218b4 ལ་སྙོམས་པར་ཞུགས་ཀྱང་། དེ་སྔོན་སེམས་ཅན་རབ་ཏུ་ཐར་པར་བྱ་བའི་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་དང་ལྡན་པས། ཉན་ཐོས་ཀྱི་སར་མི་ལྟུང་། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ།
218b5 དྲན་པ་དང་ཤེས་བཞིན་གྱིས་ཏིང་ངེ་འཛིན་དེ་ལས་ལངས་ནས་ཡང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ།། བློ་གྲོས
218b6 རྒྱ་མཚོ་འདི་ལྟར་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་འམ། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བར་མི་ལྷུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས
218b7 ཡོངས་སུ་སྦྱང་བ་བྱེད་པའི་ཁྱད་པར་ལ་ལྟོས། ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། མི་གཉིས་ཤིག་ཡོད་ལ། དེ་ལ་མི་གཅིག་ནི་བདག་རྡོ་རྗེའི་གོ་ཆ་བགོས་ནས། མེ་འབར
iiif viewer powered by OpenSeadragon
218a - 219a