e-texts navigator
Collection
Volume
Page
Wylie

216b1 གཟུངས་འདི་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ཡིན་ནོ།། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པ་ཡིན་ནོ།། ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འགྲོ་བ་ཡིན་ནོ།། གཟུངས
216b2 བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཡིན་ནོ། ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོགས་པ་མེང་པར་སོ་སོ་ཡང་དག་པར
216b3 རིག་པ་བཞིས་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་གང་ཡིན་པ་དེ་ཡང་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འབའ་ཤིག་གི་རྒྱུ་དང་འཐུན་པ་ལས་གྱུར་པ་ཡིན་ནོ། ། ཀླུའི་བདག་པོ་དེ་ལ་མི
216b4 ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་འཇུག་པའི་ཚིག་རྣམས་དང་། མཚམས་སྦྱོར་བའི་ཚིག་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནཱམ
216b5 ། མཁའ་ལྡིང་གི་བསྲུང་བའི་ཚིག་རྣམས་ངས་བསྟན་པར་བྱའོ།། ཏདྱ་ཐཱ། ཧེ་ཏུ་མ་ཏི། ཤཱ་མ་མ་ཏི། པྲ་སཱ་ད་མ་ཏི། ཨུད་ཛུ་མ་ཏི། ཨུད་ཏ་ར་ཎ་མ་ཏི། ཨཀྵ་ཡ་མ་ཏི། ཨ་ནུ་སན་དྷཱི།
216b6 ཨུ་ལ་ཀཱ་མུ་ཁེ། པྲ་བྷཱུ་མུག་ཏེ། པྲ་བྷཱ་ཀེ་ཏུ། པྲ་ཙཱ་ར་ཀེ་ཏུ། སྠི་ཏི་ཀ་ར་ཎཱི། མ་ཏི་བི་ཤོ་དྷཱ་ནེ། ག་ཏི་པྲ་བེ་ཤེ། ཤཱུ་ར་བ་ལེ། ཏ་མོ་ནུ་ཏེ། སན་དྷཱ་ར་ཎི། ཨུད་ཏཱ་ར་ཎི། ཤཱན
216b7 ཏ་མུ་ཁཻ། ཤཱན་ཏ་པྲ་དྷི་ཧ~ཾ། ཤཱན་ཏ་ག་ཤཻ། བཱ་ས་ན་ཨ་པ་ག་ཏེ། ཀུ་ཤ་ལེ་བཱ་ས་ནི། ཨ་མུ་སན་དྷི། བི་སན་དྷི། པིཾ་ག་ཏེ་སྭེ་ཏེ། ཨ་བསྠི་ཏེ། སྤྲིན་ཨ་ནུབ་ཏེ། ཨ་བསྟན།




iiif viewer powered by OpenSeadragon

216a - 217a

Texts on this page

S135 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo