| | e-texts navigator
|
199a1 དགེ་འདུན་གྱི་ཡོན་ཏན་བསྔགས་པ་བརྗོད་པ་འམ། བདེན་པ་བསྟན་པའི་གཏམ་ཟད་པ་འམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པའི་གཏམ་ཟད་པ་འམ། ལས་ཀྱི
199a2 རྣམ་པར་སྨིན་པ་བསྟན་པའི་གཏམ་ཟད་པ་འམ། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་གཏམ་ཟད་པ་མེད་དོ།། ཀླུའི་བདག་པོ་དེ་ལྟར་ན་ཡི་གེ་ཐམས་ཅད་བསྟན་པ་ལ་ཟད་པ་མེད་པ་གང་ཡིན་པ
199a3 འདི་ནི། མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཤེས་བྱའོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ནི་མི་ཟད་པ་ཉིད་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན།
199a4 སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཉིད་དང་། ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ་མི་ཟད་པ་ཉིད་དང་། གཟུངས་ཀྱི་སྤོབས་པ་མི་ཟད་པ་ཉིད་དེ། གཞི་པོ་དེ་དག་གོ།། ཀླུའི་བདག
199a5 པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་གཏིང་དཔག་དཀའ་བ་བཞིས་རྟོགས་པར་བྱ་བ་སྟེ། བཞི་གང་ཞེ་ན། བསམ་པའི་གཏིང་དཔག་དཀའ་བ་དང་། བློ་གཏིང་དཔག་དཀའ་བ་དང་།
199a6 ཆོས་ལ་འཇུག་པ་གཏིང་དཔག་དཀའ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་གཏིང་དཔག་དཀའ་བ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི
199a7 གཟུངས་ཀྱི་སྙིང་པོ་དང་། ཡི་གེ་ཡིན་པར་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། ཤེས་རབ་སྙིང་པོར་བྱེད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པ་དང་། བཟོད་པ་ལ་གནས་པ་སྙིང་པོར་བྱེད
iiif viewer powered by OpenSeadragon
198b - 199b