| | e-texts navigator
|
416b1 ། ནཱ་མ་མཧཱ་ཡཱ་ནཱ་སཱུ་ཛཱ། བོད་སྐད་དུ། འཕགས་པ་ཆོས་བནི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔ་ཐམས་ཅད་ལ་ཕྱག་འཚལ་ལོ།།
416b2 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་ནང་ན། ལྷའི་འདུན་ས་ཆོས་བཟངས་ན། དགེ་སློང་ལྔ་བརྒྱ་ཟམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང
416b3 བྱམས་པ་དང་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ
416b4 སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན།། སྡིག་པ་ཆེན་པོ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན
416b5 པར་འགྱུར་རོ། ། གཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་།། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་སྟོབས་དང་།། རྟེན་གྱི་སྟོབས་སོ།།
416b6 དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི། མི་དགེ་པའི་ལས་སྤྱད་ན་དེ་ལ་འགྱིད་པ་མང་བ་ཡིན་ནོ།། དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ།།
416b7 དེལ་སོར་ཆུང་བར་བྱེད་པའི་སྟོབས་ནི།། སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ།། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང
iiif viewer powered by OpenSeadragon
416a - 417a