e-texts navigator
Collection
Volume
Page
Wylie

415a1 འཇུག་པ་དེ་བདེ་བ་དང་བཅས་ཤིང་ཡིད་བདེ་བདེ་བ་དང་བཅས་བཞིན་དུ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ངེས་སངས་རྒྱས་ཐམས་ཅད་ཀྱི་མཛོད་ཀྱང
415a2 བཟུང་བར་འགྱུར་རོ། ། རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཟག་པར་མི་འགྱུར་རོ།། སྐུ་གནས་ནས་ཕས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང
415a3 རྣམས་སུ་སྐྱེ་བ་དེ་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ། ། རབ་འབྱོར་གང་གིས་སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པ་དེའི་རྣ་ལམ་དུ་ཆེས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ།།
415a4 རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དང་དམ་འཆང་ངམ། ཀློག་གམ་བེ་ངར། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པ
415a5 སྟོན་པར་འགྱུར་བ་དེའི་ལག་ཏུ་བྱང་ཆུབ་སོང་ངོ་ཞེས་བཤད་དོ། ། དེས་མིག་ལྔ་ཐོབ་པར་འགྱུར། དབང་པོ་མ་ཚང་བར་མང་གྱུར། དྲན་པ་བརྗོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར།
415a6 སངས་རྒྱས་ཐམས་ཅད་སྒྲུབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར། རྣམ་པར་སྣང་མཛད་རྣམ་པར་སྤྲུལ་པའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྙིང་པོའི་ཏིང་ངེ་འཛིན་དང་། གཙུག་གི
415a7 ནོར་བུའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དབང་བསྐུར་བའི་ཏིང་ངེ་འཛིན་དང་། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཇས་རབ་ཏུ་ཐོབ་པར་འགྱུར། ཡི་གེ་མེད་པའི་ཐ་མ་ཏོག་གི




iiif viewer powered by OpenSeadragon

414b - 415b

Texts on this page

S131 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo