e-texts navigator
Collection
Volume
Page
Wylie

413b1 ། བཞིན་གཤེགས་པ་དགྲ་བཅོམ་པ་གང་དག་པར་རྫོགས་པའི་སངས་རྒྱས་བདག་བཀའ་བློ་བདེ་བ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་གི་ཀྱང་ཆོས
413b2 ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་སྟེ། སྐད་དང་སྐད་མ་ཡིན་པ་ཤེས་པའི་ཏིང་ངེ་འཛིན་དང་། རྒྱལ་བའི་དབང་བསྐུར་བའི་ཏི་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ
413b3 འཛིན་དང་། ཁམས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་དང་། བློ་གྲོས་རྒྱལ་པོའི་ཏིང་ངེ་འཛིན་དང་། རྒྱ་མཚོའི་སྙིང་པོའི་ཏིང་ངེ་འཛིན་མཉེན་པའི་སའི་ཏིང་ངེ་འཛིན་དང་། བསམ་པའི་སྙིང་པོའི་ཏིང་ངེ་འཛིན་དང
413b4 འོད་གསལ་བའི་ཏིང་ངེ་འཛིན་ཐོབ་བོ། ། རབ་འབྱོར་ལྷ་བྱེ་བ་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྟོང
413b5 ཕྲག་ཚད་མེད་པ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ། རབ་འབྱོར་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང
413b6 མི་དང་། མི་མ་ཡིན་པ་གངྒཱའི་བྱེ་མ་སྙེད་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ།། རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་མཐོང་ནས་འདུལ་ཅན་ཞེས་བྱ་བའི
413b7 འོད་ཟེར་རྣམས་ཕྱུང་ངོ་། ། དེ་ནས་བཅོམ་ལྡན་འད་ཀྱི་ཉིད་ཀྱི་ལྗགས་ཀྱི་དབང་པོས་ཞལ་ཁེབས་པར་མཛད་དེ། ལྗགས་ཀྱི་དབང་པོ་དེ་ལས་ཁ་དོག་དུ་མ། ཁ་དོག་ཐ་དད་པའི་འོད་ཟེར་འདི་ལྟ་སྟེ། སྔོན




iiif viewer powered by OpenSeadragon

413a - 414a

Texts on this page

S131 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo