e-texts navigator
Collection
Volume
Page
Wylie

413a1 འདི་ཐམས་ཅད་ཐེ་ཙོམ་གྱུར་ལགས་ན། ། ཐུབ་པས་རྒྱུ་དང་བྱེད་དེ་བདག་ལུང་སྟོན།། མི་ཡི་འདྲེན་པའི་རྣམ་པར་འཕྲུལ་མཐོང་ནས།། དགའ་བར་གྱུར་ཅིང་སྤྲོ་བ་ཆེ་གྱུར་ཏེ། རབ་ཏུ་དག
413a2 པས་ལྷག་པར་བསྟོད་བགྱིས་ནས། ། ཁ་ཅིག་འདི་ན་བཅོམ་ལྡན་ལེགས་ཤེས་མཆི།། བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས།། ནམ་མཁར་གནས་འབྱུང་པོའི་ཚོགས་དང་བསྟོད།། མཁའ་ལས་ལྷའི་མེ་ཏོག
413a3 ཆར་དུ་འབེབས། ། མ་བརྡུང་རྔ་ཆེན་དག་ནི་སྒྲ་ཡང་འབྱིན།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་འབྱོར་ཁྱོད་ཀྱིས་དྲང་སྲོང་མེ་སྒྲོན་མཐོང་ངམ།
413a4 རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲང་སྲོང་ཆེན་པོ་མེ་སྒྲོན་འདི་མ་འོངས་པའི་དུས་ན། སངས་རྒྱས་སྟོང་འདས་པའི
413a5 འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་ཟླ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བར་འགྱུར་རོ། ། རབ་འབྱོར
413a6 དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་མིང་ཡང་ཡིད་བཞིན་གྱི་ནོར་བུ་རྣམ་པར་དག་པའི་བྱ་བ་བྱེད་པར་འགྱུར་རོ། ། རབ་འབྱོར་དྲང་སྲོང་ཆེན་པོ་བརྒྱད་ཁྲི་བ་ནི་སྟོང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས
413a7 མ་ཐག་ཏུ་ཕྱིར་མི་ལྡོག་པའི་ས་རྗེས་སུ་ཐོབ་སྟེ། རབ་འབྱོར་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་ས་བཅུ་ལ་གནས་པར་འགྱུར་རོ།། བསྐལ་པ་སུམ་བརྒྱའི་འོག་ཏུ་དེ




iiif viewer powered by OpenSeadragon

412b - 413b

Texts on this page

S131 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo