e-texts navigator
Collection
Volume
Page
Wylie

408a1 སྦྱིན་པས་ཀྱང་སྡུད་སྙན་པར་སྨྲ་བར་ཀྱང་སྡུད། དོན་སྤྱོད་པས་ཀྱང་སྡུད། དོན་འཐུན་པས་ཀྱང་སྡུད་དོ།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན། གསེར་ལ་གནོད་པར་བྱའི་ཕྱིར
408a2 མེར་འཇུག་པ་མ་ཡིན་གྱི། གསེར་དུ་ལ་མ་མ་ཡིན་པ་འདི་ཇི་ལྟར་ན་དུལ་མར་འགྱུར་སྙམ་ནས། དེའི་ཕྱིར་མེར་འཇུག་སྟེ། ཤིན་ཏུ་བསྲེགས་པའི་ཕྱིར་རིན་པོ་རྨའི་འོས་སུ་འགྱུར་རོ།། རིན་པོ་ཆེས་སྤྲས
408a3 པ་དེའི་རིན་ཐང་མེད་པར་འགྱུར་ཏེ། དྲང་སྲོང་ཆེན་པོ་དེའི་ཕྱིར་གསེར་བརྡུང་བ་དང་། བསྲེགས་པས་རྣམ་པར་སྦྱོང་ངོ་།། དྲང་སྲོང་ཆེན་པོ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྒྱུ་མེད
408a4 པར་བསྲེགས་པའི་བསྐལ་པ་མི་འབྱིན་ཏེ། འདིར་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ
408a5 ཏོཏོ། ། བཅོམ་ལྡན་འདས་བསྐལ་པས་སྲེགས་པའི་མེ་ཕྱུང་ཡང་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་བ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་བཞིན་གཤེས
408a6 པ་རྣམས་ནི། སེམས་ཅན་གང་ལ་ཡང་གནོད་པར་མི་མཛད་དོ།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན། ཕྱོགས་བཅུ་རྣམས་སུ་ཆར་ཕྲ་མོའི་རྒྱུན་འབབ་པ་དེ་བས་ན། དྲང་སྲོང་ཆེན་པོ་དེ་བཞིན་གཤེགས
408a7 པ་རྣམས་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་གནས་ཏེ། རང་གི་ལག་གིས་སེམས་ཅན་ཐར་པར་བྱེད་པ་ཚེ་མང་པོ།། དྲང་སྲོང་ཆེན་པོ་དེའི་ཚེ་སེམས་ཅན་དེ་བཞིན་གཤེག




iiif viewer powered by OpenSeadragon

407b - 408b

Texts on this page

S131 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo