| | e-texts navigator
|
405b1 དུ་ཟད་ན་ནི། འདིར་ངོ་མཚར་ཡང་ཅི་ཆེ་སྟེ། སྐྱེས་བུ་ངན་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་ནི་འདི་གྲུབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པའི་ཞལ་གྱིས། ཟང་སྲོང་ག
405b2 ཚེགས་ལ་ཀུན་ཏུ་གཟིགས་ནས། རྦང་སྲོང་ཆེན་པོ་མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་དྲང་སྲོང་ཆེན་པོ་ཅི་ནུས་ཀྱིས་དྲི་བ་ཇིས་ཤིག་དང་། རྣམ་པར་བྱང་བར་བྱའོ།། དེ་ནས
405b3 བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་གོའུ་ཏ་མ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་། ཅིའི་སླད་དུ་བསྐལ་པས་སྲེགས་པར་འགྱུར། སེམས་ཅན་རྣམས
405b4 གནས་གང་དུ་འདུ་བར་འགྱུར། ནང་ནས་སེམས་ཅན་ཕྲ་བ་ཁྲུ་གང་ཙམ་འམ། མཐོ་གང་ཙམ་མམ། མཛུག་མོ་ཙམ་མམ། མཐེ་བོང་ཙམ་མམ། ནས་དང་། གྲོ་དང་། མོན་སྲན་སྡེའུ་དང་། མོན་སྲན
405b5 གྲེའུ་དང་། ཏིལ་དང་། ཡུངས་འབྲུ་ཙམ་འམ། སེམ་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ། དྲང་སྲོང་ཆེན
405b6 པོ་ལེགས་སོ་ལེགས་སོ་ཞེས། ལེགས་སོ་ཞེས་བྱ་བ་བྱིན་ནོ།། དྲང་སྲོང་ཆེན་པོ་ཆེ་བསྐལ་པ་དྲུག་བཅུ་པའི་བྲི་བ་འབྲི་འདི་ནི་འཐུན་པའོ།། དེ་ནས་དྲང་སྲོང་ཆེན་པོ་རྣམས་ངོ་མཚར་དུ་གྱུར་ཏེ། དྲང་སྲོང
405b7 ཆེན་པོ་མེ་སྒྲོན་གྱི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་ལྷན་ཅིག་གནས་གནས་གནས་པ་རྣམས་ཀྱིས་ཀྱང་མ་ཤེས་ན་འདིས་ཇི་ལྟར་ཤེས་སྙམ་མོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྔལ་པ། ཟང་སོང
iiif viewer powered by OpenSeadragon
405a - 406a