e-texts navigator
Collection
Volume
Page
Wylie

403a1 རྒྱ་གར་སྐད་དུ། ཨཱཪྻ་པར་མཱཪྠ་དྷརྨ་བི་ཛ་ཡ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
403a2 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོར་མ་ལོན་པར་གཡའི་རི་ལ
403a3 དགེ་སློང་མངོན་པར་ཞུགས་པ་མངོན་པར་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སྟེ། ལྷ་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་དང་། དགེ་སློང་དང་། དགེ་སློང་མ
403a4 དང་། དགེ་བསྙེན་མ་བརྒྱད་ཁྲི་དྲུག་སྟོང་དང་། གྱད་དྲུག་ཁྲི་དང་། གཅེར་བུ་པ་བྱེ་བ་ཕྲག་བཅུ་གཉིས་དང་། དྲང་སྲོང་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པ། གདུང་བ་ལྔས་ཡན་ལག་མཆོག་པ་ལྔ་བརྒྱ། ཡན
403a5 ལག་དཀར་བ། ཤ་མེད་ཅིང་རུས་མགོ་པགས་ཀྱིས་ཡོག་པ། ལྟོ་ཞར་ཞིང་སྐྲའི་ཁུར་ཁེར་བ་ལུས་དགུ་པ། གཡང་གཞི་དང་ཤིང་ཤུམ་གྱོན་པ། ལག་ན་རིལ་བ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག
403a6 གོ། རྒལ་བར་འདུན་པ་རྣམས་དང་ཡང་ཟབས་ཅིག་གོ།། དེ་ནས་བཅོམ་ལྡན་འདས་རི་ནག་པོ་རྣམས་ཀྱི་ནང་ན། རིའི་རྒྱལ་པོ་རི་རེབ་ལྟར་དྲང་སྲོང་རྣམས་ཀྱི་ནང་ན། ལྷ་མ་མེ། ལྷན་ནེ། ལྒང་ངེ།
403a7 ལུག་རྣམས་ཀྱི་ནང་ན། གླང་པོ་ཆེའི་རྒྱལ་པོ་མཆེ་བཇུག་པ་འཇལ། སྲིན་བུ་མེ་ཁྱེར་གྱི་དྲུང་ན། ཉི་ཟླ་དང་མཚུངས་ཤིང་། རྩཝ་ཀ་ཤའི་མེ་ཏོག་གི་ནང་ན་མནྡ་ར་བའི་ཡལ་གདང་འཇལ། ནམ་མཁའ་ལྡིང་གི་རྒྱལ




iiif viewer powered by OpenSeadragon

402b - 403b

Texts on this page

S131 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo