| | e-texts navigator
|
129b1 ཀྱི་ཆོས་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ
129b2 དག་པ་ལ་སུ་ཞིག་མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་དུ་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ
129b3 རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་ལ། ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐའ་ཡང་ཟད་པར་མི་ནུས་སོ།།
129b4 དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ།། མཐའ་ཡས
129b5 སོ། ། བསམ་གྱིས་མི་ཁྱབ་བོ།། མཚུངས་པ་མེད་དོ།། དཔག་ཏུ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ་སུ་ཞིག། དེ་བཞིན་གཤེགས
129b6 པ་དེ་ལྟར་བཞུགས་ཏེ། མཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན
129b7 གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཡང་དག་པར་སེམས་ཉེ་བར་གཞན
iiif viewer powered by OpenSeadragon
129a - 130a