e-texts navigator
Collection
Volume
Page
Wylie

354a1 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་ལམ་དུ་གྲགས
354a2 པར་ཡང་མི་འགྱུར་ན། གང་དག་ཡི་གེར་དྲི་བ་དང་། ཡི་གེར་འ་དྲིར་སྩོལ་བ་དང་། འཛིན་པ་དང་། ཁ་དོན་བགྱིད་པ་དང་། མེ་ཏོག་དང་། བདུགས་པ་དང་། སྤོས
354a3 རྣམས་ཀྱིས་མཆོད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ལ་འདི་སྐད་ཅེས
354a4 བཀའ་སྩལ་ཏོ། ། རིགས་ཀྱི་བུ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་དེ་དག་གིས་མདོ་སྡེ་འདི་རྙེད་པར་འགྱུར་རོ།། རིགས
354a5 ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་ལ། ཐེ་ཙོམ་མི་ཟ་བའི་སེམས་ཅན་དེ་དག་འདི་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར
354a6 འགྱུར་རོ། ། རིགས་ཀྱི་བུ་གང་ན་མདོ་སྡེ་འདི་ལྟ་བུ་དག་འཛིན་པའི་ས་ཕྱོགས་དེ་དག་ཕྱག་བྱ་བའི་འོས་སུ་འགྱུར་རོ།། རིགས་ཀྱི་བུ་ཕྱི་མའི་ཚེ་ཕྱི་མའི་དུས་ན། བུད་མེད་གང་ལ་ལ
354a7 ཞིག་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ་ཀློག་ན་དེ་བུད་མེད་ཀྱི་ལུས་རྗེས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཐ་མ་ཡིན་ནོ།།




iiif viewer powered by OpenSeadragon

353b - 354b

Texts on this page

S116 - 'phags pa chos dang don rnam par 'byed pa zhes bya ba theg pa chen po'i mdo