e-texts navigator
Collection
Volume
Page
Wylie

351b1 ཆོས་རྩོམ་ཡོན་ཏན་འབྱུང་གནས་སོ།། གང་དག་སྐྱེ་བ་མ་མཆིས་པ།། ཆོས་དེ་སྙིང་པོ་མེད་མཁྱེན་ནས།། ཆོས་ཉིད་ཀྱང་ནི་ཁྱོད་ཀྱིས་མཁྱེན།། དེས་ན་ཁྱོད་ནི་དཀའ་བ་མཛད།།
351b2 གཞོན་ནུ་དེས་ཚིག་འདི་དག་གིས།། བཅོམ་ལྡན་འདས་དེ་ལ་བསྟོད་ནས། ཡང་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་འདུག་གོ།། དེ་ནས་བཅོམ
351b3 ལྡན་འདས་ཀྱིས་པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་གྱིས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ། འཁོར་བཞི་པོ་དེ་དག་གི་སེམས་དང་། སེམས་ལས་བྱུང་བ་མཁྱེན་ནས། རྒྱལ་པོ་རྒྱལ
351b4 བ་ཐོབ་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་པོ་དེ་དག་ནི་སྙིང་པོ་མེད་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྙིང་པོར་འདུ་ཤེས་སོ།། རྒྱལོ་ཆེན་པོ་ཕུང་པོ
351b5 རྣམས་ནི་ཁ་དོག་ངན་པ་དྲིང་བ། ཁྲག་དང་རྣག་འབྱུང་བ། ཤིང་དང་བོང་བ་དང་། ལམ་དང་མཚུངས་པ། སྙིང་པོ་མེད་པ་གཡོ་བ་མེད་པ། དགའ་བ་དང་། མི་དགའ་བར
351b6 འབྲེལ་པ། སྲེད་པའི་ལུ་གུ་རྒྱུད་ཀྱིས་ཕན་ཚུན་སྦྲེལ་བ། ཉོན་མོངས་པ་མང་བ་སྨད་པ་ཡིན་ན། སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས། མི་རྟག་པ་ལ་རྟག་པར་འདུ་ཤེས།།
351b7 མི་སྡུག་པ་ལ་སྡུག་པར་འདུ་ཤེས། མི་གཙང་བ་ལ་གཙང་བར་འདུ་ཤེས། བདེན་པ་མ་ཡིན་པ་ལ་བདེན་པར་འདུ་ཤེས་སོ།། རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་ནི་རང་གི་ལས་ཀྱིས་རྣམ




iiif viewer powered by OpenSeadragon

351a - 352a

Texts on this page

S116 - 'phags pa chos dang don rnam par 'byed pa zhes bya ba theg pa chen po'i mdo