e-texts navigator
Collection
Volume
Page
Wylie

403b1 ལྷ་ཡི་དབང་པོ་ཆེན་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཐབ་བྲལ་ལྷ་ཡི་དབང་པོ་དང་།། དེ་བཞིན་ཡོངས་སུ་དགའ་ལྡན་དང་།། འཕྲུལ་དགའ་གཞན་འཕྲུལ
403b2 དབང་བྱེད་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཚངས་པའི་འཇིག་རྟེན་ཚངས་པ་ཡི།། དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།། ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད།།
403b3 མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་དང་།། ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་།། ཤེས་རབ་ལྡན་པར་རྟག་ཏུ་མཆོད།། མཆོད་རྟེན་བསྐོར་བ་བྱས
403b4 པས་ནི། ། བསྐལ་པ་བྱེ་བ་སྟོང་དག་ཏུ།། ལུས་གཙང་གོས་ཀྱང་གཙང་བ་དང་།། དཀར་པོའི་ཆོས་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང
403b5 བརྩོན་འགྲུས་ཕུན་སུམ་ཚོགས། ། དེ་ནི་ལེ་ལོ་མེད་པ་དང་།། ཤིན་ཏུ་སྒྲུབ་ཀྱང་ཕོད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན།།
403b6 རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་།། དོན་རྣམས་མྱུར་དུ་གྲུབ་པར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། གདངས་སྙན་གསུང་ཡང་མཐོ་བ་དང་།། ཡིད་དུ་འོང་བའི་ང་རོ་ཙ
403b7 གནོད་པ་མེད་ཅིང་ནད་མེད་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།། ང་ཉིད་ཀྱིས་ནི་བསྟན་པ་ཡི།། གནས་དེར་མྱུར་དུ་བདེར་འགྲོ་ཞིང་།། ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར།།




iiif viewer powered by OpenSeadragon

403a - 404a

Texts on this page

S104 - mchod rten bskor ba'i tshigs su bcad pa