| | e-texts navigator
|
364a1 གང་དང་གར་སྐྱེས་པ།། འཇིག་རྟེན་ཕྱག་བྱའི་ངོས་སུ་འགྱུར།། དེ་ཡི་གཟུགས་མཚན་ཕུན་སུམ་ཚོགས།། ཕྱུག་པོའི་ཁྱིམ་དུ་སྐྱེ་བར་འགྱུར།། དཔའ་ཞིང་སྦྱིན་པ
364a2 བདག་པོར་འགྱུར། ། སེར་སྣ་མེད་ཅིང་ལྐུག་པར་གཏོང་།། མཚན་རྣམས་འདི་དག་སུ་འཛིན་པ།། བསྐལ་པ་བྱེ་བ་མང་པོར་ནི།། ལྷ་ཡི་ཙན་དན་དམར་པོ་ཡི།། དྲི་དང་ཁ་ནས་འབྱུང
364a3 བར་འགྱུར། ། དྲང་སྲོང་ཆེན་པོ་དེ་དག་གི། མཚན་རྣམས་བུད་མེད་ཐོས་གྱུར་ན།། བུད་མེད་དངོས་པོ་རྣམ་སྤངས་ཏེ།། སྐྱེས་བུ་མཁས་པར་རེད་པར་འགྱུར།། མཚན་རྣམས་འདི
364a4 དག་སུ་འཛིན་པ། ། པ་དང་མ་དང་སྤུན་རྣམས་དང་།། མཛའ་བཤེས་ཉྀ་དུའི་ཚོགས་རྣམས་ཀྱི།། སྡུག་བསྔལ་ནམ་ཡང་མཐོང་མི་འགྱུར།། མཚན་རྣམས་འདི་དག་སུ་འཛིན་པ།
364a5 དེ་དང་དེ་དག་འཇིག་རྟེན་ན།། འདབ་མ་སྟོང་ཕྲག་བྱེ་ལྡན་པའི།། རིན་ཆེན་པདྨར་སྐྱེ་བར་འགྱུར།། མཚན་རྣམས་འདི་དག་སུ་འཛིན་པ།། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ།།
364a6 ནམ་མཁའ་ལས་ནི་འགྲོ་བྱེད་ཅིང་།། འཇིག་རྟེན་མགོན་པོ་སངས་རྒྱས་ཞིང་།། རྣམ་པར་དག་པ་མཐོང་བར་འགྱུར།། འཇིག་རྟེན་མགོན་པོའི་དྲུང་དག་ཏུ།། ཟབ་མོ་ཆོས་ནི་ཉན
364a7 བྱེད་ཅིང་། ། ཇི་ལྟར་ཐོས་པ་ཆུད་མི་གཟོན།། མཚན་རྣམས་འདི་དག་སུ་འཛིན་པ།། དེ་དག་ལ་ནི་སྡིག་ཅན་བདུད།། ནག་པོའི་རྩ་ལག་སྡེར་བཅས་པས།། ནམ་ཡང་གླགས་རྙེད
iiif viewer powered by OpenSeadragon
363b - 364b