e-texts navigator
Collection
Volume
Page
Wylie

360b1 དབང་པོ་བསྲུངས་ཤིང་ཐུལ་བ། གླང་པོ་ཤིན་ཏུ་དུལ་བ་ལྟ་བུ། མཚོ་ལྟར་དངས་ཤིང་རྙོག་པ་མེད་ལ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གི་སྐུ་ལེགས་པར
360b2 བརྒྱན་པ། གསེར་གྱི་ཁ་དོག་ལྟ་བུའི་སྐུས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ཏེ་བཞུགས་པ། སྤྱོད་ལམོ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་བལྟ་བས་ཚིག་མི་ཤེས་པ
360b3 དག་སྣང་ངོ་། ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ
360b4 ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤར་ཕྱོགས་ནས་པདྨ་སྡོང་པོ་ནི་གསེར། འདབ
360b5 མ་ནི་དངུལ། ཟེའུ་འབྲུ་ནི་བཻ་ཌཱུཪྻ། སྙིང་པོ་ནི་རྡོ་རྗེའི་སྙིང་པོ་ལས་གྲུབ་པ་བརྒྱད་པོ་འདི་དག་བྱུང་བར་གྱུར་ཏེ། པདྨའི་སྙིང་པོ་ཐམས་ཅད་ཀྱི་སྟེང་ན། སེང་གེའི་ཁྲི་གྲུ་བཞི་པ། རྩ་བ
360b6 བཞི་ཟུག་པ། བཀྲ་བ། བལྟ་ནི་སྡུག་པ། དྲི་དང་ལྡན་པ། ཡིད་དུ་མཆི་བ། དར་གྱི་ལྡ་ལྡི་སྦྱངས་པ། པོག་པོར་ནས་སྤོས་ཀྱི་དྲི་ཤིན་ཏུ་བདུགས་པ། རིན་པོ་ཆེ་སྣ་ཚོགས་དུ་མས་ལེ
360b7 པར་བརྒྱན་པ། དྲིལ་བུ་གཡེར་ཁའི་དྲ་བ་དུ་མ་འཁྲོལ་བ། རིན་པོ་ཆེ་དུ་མའི་བླ་རེ་བྲེས་པ་དག་བྱུང་བར་གྱུར་པ། སེང་གེའི་ཁྲི་ཐམ་ཅད་ཀྱི་སྟེང་ན། དེ་བཞིན་གཤེགས་པའི་སྐུ་དག་བཞུགས




iiif viewer powered by OpenSeadragon

360a - 361a

Texts on this page

S99 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo