e-texts navigator
Collection
Volume
Page
Wylie

360a1 མ་དཀྲོལ་བར་བར་སྣང་ལ་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་དག་ཀྱང་བྱུང་། ལྷའི་མེ་ཏོག་མནྡ་ར་བ་དང་། མནྡཱ་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན
360a2 ཛུ་ཤ་ཀ་ཆེན་པོའི་མེ་ཏོག་གི་ཆར་ཡང་བབ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཐམས་ཅད་རིན་པོ་ཆེའི་མེ་ཏོག་གིས་ཆལ་བར་གང་བར་གྱུར་ཏོ།། དེ་ནས
360a3 དེའི་མོད་ལ་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་གྱི་ཁ་དོག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། ། དེ་ནས་དེའི་མོད་ལ་ཤར་ཕྱོགས
360a4 ནས་པདྨ་སྡོང་པོ་ནི་གསེར། འདབ་མ་ནི་དངུལ། ཟེའུ་འབྲུ་ནི་བེ་ཌཱུཪྻ། སྙིང་པོ་ནི་རྡོ་རྗེའི་སྙིང་པོ་ལས་གྲུབ་པ་བརྒྱད་ཅིག་བྱུང་བར་གྱུར་ཏོ།། པདྨའི་སྙིང་པོ་ཐམས་ཅད་ཀྱི་སྟེང་ན། སང་གིའི་ཁྲི
360a5 གྲུ་བཞི་པ། རྩ་བ་བཞི་ཟུག་པ། བཀྲ་བ། བལྟ་ན་སྡུག་པ། དྲི་དང་ལྡན་པ། ཡིད་དུ་འོང་བ། དར་གྱི་ལྔ་ལྡི་སྤངས་པ། པོག་པོར་ནས་སྤོས་ཀྱི་དྲི་ཤིན་ཏུ་བདུགས་པ། རིན་པོ་ཆེ་སྣ་ཚོགས
360a6 དུ་མ་དག་གིས་ལེགས་པར་བརྒྱན་པ། དྲིལ་བུ་གཡེར་ཀའི་དྲ་བ་དུ་མས་འཁྲོལ་བ། རིན་པོ་ཆེ་དུ་མའི་བླ་རེ་བྲེས་པ་དག་བྱུང་བར་གྱུར་ཏོ།། སེང་གེའི་ཁྲི་ཐམས་ཅད་ཀྱི་སྟེང་ན། དེ་བཞིན་གཤེགས
360a7 པའི་སྐུ་དག་ཀྱང་བཞུགས་པར་ཡང་སྣང་སྟེ། མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ




iiif viewer powered by OpenSeadragon

359b - 360b

Texts on this page

S99 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo