e-texts navigator
Collection
Volume
Page
Wylie

403b1 དེ་ལ་བརྟན་པ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྲིད་པའི་འགྲོ་བ་དང་འཆི་འཕོ་དང་སྐྱེ་བའི་གནས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ཆོས་ཐམས་ཅད་མི་སྐྱེད་པའི་ཕྱིར་རོ།། འདི་ན
403b2 ཚིག་སུམ་བརྒྱ་པོ་འདི་རྣམས་རྒྱས་པར་བསྟན་པ་རིག་པར་བྱ་སྟེ། གཞོན་ནུ་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ནས
403b3 བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སངས་རྒྱས་ཆོས་ནི་རྒྱ་ཆེ་སྟེ།། ཚུལ་ཡང་རྒྱ་ཆེར་བསྟན་པ་ཡིན།། ཆོས་རྣམས་རྒྱ་ཆེར་བསྟན་པས་ན།། ཡོན་ཏན་རྒྱ་ཆེན་ཐོབ་པར
403b4 འགྱུར། ། ཇི་ལྟར་ནམ་མཁའ་རྒྱ་ཆེ་བས།། ཆོས་ཀྱི་མཚན་ཉིད་དེ་བཞིན་ཏེ།། རིན་ཆེན་འོད་ཟེར་རྒྱ་ཆེར་གང་།། དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ།། སེམས་ཅན་སྤྱོད་པ་རྒྱ་ཆེ་སྟེ།། དེ་དག་བསྟན་པའང་རྒྱ་ཆེའོ།། ལུང་གི་དོན་ཡང
403b5 རྒྱ་ཆེ་བས། ། དེ་ཕྱིར་ཤིན་དུ་རྒྱས་ཤེས་བྱ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ངེས་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན། སེམས་ཅན
403b6 དཔག་ཏུ་མེད་པ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕྱིར་མི་ལྡོག་པར་གྱུར་ཏོ།། སེམ
403b7 ཅན་དཔག་ཏུ་མེད་པ་དག་རང་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། སེམས་ཅན་དཔག་ཏུ་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བ་ལ་སེམས་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི




iiif viewer powered by OpenSeadragon

403a - 404a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo