e-texts navigator
Collection
Volume
Page
Wylie

362a1 དེ་ཡིས་དོན་དམ་རབ་ཏུ་རྟོགས། ། མདོ་སྡེ་གཅིག་གི་ཕྱོགས་ཀྱང་བྱེ་མ་སྙེད།། བསམ་གྱིས་མི་ཁྱབ་ངེས་སྟོན་ཆགས་པ་མེད།། ཆགས་མེད་སྟོན་པ་ཚིག་གི་དོན་ལ་མཁས།
362a2 འཁོར་གྱིས་ནང་དུ་དེ་འཆད་ཆགས་མི་འགྱུར།། ཏིང་བཛིན་འདི་ལ་ལེགས་པར་གང་གནས་པ།། བྱང་ཆུབ་སེམས་དཔའ་དེ་ནི་གཡོ་བ་མེད།། ཆོས་ལ་སྟོབས་སྐྱེད་བྱེ་བྲག་ཐོབ་པས་ནི།།
362a3 སྲོག་ཆགས་བྱེ་བ་མང་པོའི་དོན་དེ་བྱེད།། ཇི་ལྟར་རི་རབ་མི་གཡོ་མི་འགུལ་ཏེ།། རླུང་རྣམས་ཀུན་གྱིས་འགུལ་བར་མི་ནུས་པ།། དེ་བཞིན་དགེ་སློང་ཆོས་སྨྲ་མཁས་པ་ཡང་།། ཕ་རོལ་རྒོལ
362a4 པ་ཀུན་གྱིས་བསྐྱེད་མི་ནུས། ། སྟོང་ཆེན་གྱིས་ནི་འཇིག་རྟེན་ཁམས་འདི་ནི།། མི་གང་མི་གཡོ་བར་ནི་བརྗོད་པ་རྣམས།། དེ་དག་རླུང་གི་རབ་ཏུ་བསྐྱོད་ནུས་ཀྱང་།། སུ་དྲག་སྟོང་པ་ཉིད་ལ་རྟག
362a5 བརྩོན་པ། ། སངས་རྒྱས་གནས་སུ་ངེས་པ་དེ་ཡིན་ཏེ།། གཏན་ལ་བབ་པ་སྟོང་པའི་ཆོས་རབ་ཤེས།། དེ་ནི་རྒོལ་བ་ཀུན་གྱིས་དཀྲུག་མི་ནུས།། ཕས་ཀྱི་རྒོལ་བ་དག་གིས་མི་བསྐྱོད་ཅིང་།།
362a6 སྨྲ་བ་ཐམས་ཅད་ཀྱིས་ཀྱང་ཟིལ་མི་གནོན།། ཏིང་འཛིན་ཞི་བ་འདི་ནི་བསྟན་བྱས་པ།། ཟིལ་གྱིས་མནོན་སྨད་པ་མེད་པར་འགྱུར།། ཏིང་འཛིན་ཞི་བ་འདི་ནི་བཤད་བྱས་ན།། དེ་ཡིས་སྟོང
362a7 ཉིད་རྟོགས་པར་ཁོང་དུ་ཆུད། ། དེ་ནི་ཆོས་རྣམས་ཀུན་ལ་ནེམ་ནུར་མེད།། ཡེ་ཤེས་མཐའ་ཡས་དག་ལ་འཁོར་མོར་གནས།། ཏིང་འཛིན་འདི་ནི་བཟུང་ཞིང་བཀླགས་པ་ན།། སྟོབས




iiif viewer powered by OpenSeadragon

361b - 362b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo