e-texts navigator
Collection
Volume
Page
Wylie

358b1 དྲུང་དུ། ། སྡིག་པ་སྔན་ཆད་ཅུང་ཟད་ཅི་བྱས་པ།། དེ་ཚེ་དུས་གསུམ་དུ་ཡང་ཤིན་དུ་འཆགས།། ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར།། ཉེས་པ་བྱས་པ་དག་ཀྱང་རབ་བཤགས་ཏེ།
358b2 ཕྱིས་ཀྱང་ཚུལ་ཁྲིམས་དམ་པ་མ་རལ་སྲུང་།། རྣམ་པར་དག་ཅིང་གཙང་ལ་དྲི་མ་མེད།། ལོ་སྦྱོང་བྱེ་བ་ཕྲག་ནི་དགུ་བཅུར་ཡང་།། གསོ་སྦྱོང་དག་ཀྱང་དེ་ཚེ་རབ་གསོས་ཏེ།། དེ་ནི།།
358b3 དེ་ཚེ་བདག་གི་ལུས་ཤིག་ནས།། མནར་མེད་མི་བཟད་པར་ནི་དེར་ལྷུང་གྱུར།། འདོད་ཕྱིར་སྙིང་རྗེ་མེད་པའི་ལས་བྱས་པས།། སྡུག་བསྔལ་མང་པོ་དག་ཀྱང་མྱོང་བར་གྱུར།།
358b4 སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་ལྔ།། དེ་ཚེ་དེ་དག་བདག་གིས་མ་མཉེས་བྱས།། ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར།། དེ་ཡི་ཚེ་ན་ང་ནི་ལོང་བར་གྱུར།། བསྐལ་པ་བྱེ་བ་ཁྲག
358b5 ཁྲིག་དྲུག་ཅུ་གཉིས། ། སྔོན་ཆད་ང་ཡི་མིག་ཀྱང་བཅར་བར་གྱུར།། བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་དང་།། ཤིན་ཏུ་མང་བར་ང་ཡི་མིག་ཕྱུང་ཕྲོགས།། མགོ་དང་རྣ་བ་དང་ནི་རྐང
358b6 ལག་ཀྱང་། ། བསྐལ་པ་མཐའ་ཡས་ཁྲག་ཁྲིག་བཅད་པར་གྱུར།། བསྐལ་པ་དག་ནི་བྱེ་བ་ཁྲག་ཁྲིག་དུ།། མིར་གྱུར་པ་དང་སྐྱེ་བ་གཞན་དུའང་།། འཁོར་བའི་སྡུག་བསྔལ་དག
358b7 གིས་རབ་ཅེས་ཤིང་། ། སྡུག་བསྔལ་ཚོལ་བ་ཡུན་རིང་མྱོང་བར་གྱུར།། སྡིག་པའི་ལས་རྣམས་བྱས་པ་འཁོར་བ་ན།། ཡུན་རིང་ཤིན་ཏུ་སྡུག་བསྔལ་མྱོང་བར་འགྱུར།། དེ་ཕྱིར་བྱང་ཆུབ




iiif viewer powered by OpenSeadragon

358a - 359a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo