e-texts navigator
Collection
Volume
Page
Wylie

358a1 དང་མེ་ཏོག་བྱུག་པ་རྣམས་ཀྱིས་ནི། ། མཆོད་པ་དམ་པ་རྣམས་ཀྱང་རབ་ཏུ་བྱ།། ཤིན་ཏུ་མཛེས་པར་མཆོད་རྟེན་བདག་གིས་བྱ།། བུ་དང་བུ་མོ་བུད་མེད་ཁྱིམ
358a2 བདག་དང་། ། བློན་པོ་དང་ནི་ཚོང་དཔོན་དེ་དག་དང་།། གྲོང་བ་དང་ནི་རྒྱལ་རིགས་མང་པོ་རྣམས།། དེ་དག་ཐམས་ཅད་ལ་ནི་ངས་སྒོ་བ།། ཨ་ག་རུ་དང་ཙན་དན་ཤུགས་པ་དང་།
358a3 ཤིན་ཏུ་ཞིམ་པའི་སྤོ་ས་མཆོག་ཅི་ཡོད་པས།། མྱུར་དུ་སྒྲོན་གྱི་ནང་དུ་ཁྱོགས་ཆོས་ལ།། དགེ་སློང་འདི་ནི་བསྲེགས་པའི་ཆོ་ག་གྱིས།། གྲོང་ཁྱེར་མི་ཀུན་རྒྱལ་པོའི་ཚིག་ཐོས་ནས།
358a4 སྤོས་མཆོག་དག་ཀྱང་ཐོགས་ནས་ཁྱོགས་བཅས་ཏེ།། སྤོས་རབ་བཟང་པོ་ཡིད་དུ་བོངས་ལས་བྱས།། དེར་ནི་དགེ་སློང་དེ་ཡང་བཅུག་ནས་སུ།། ཨ་ག་རུ་དང་ཙན་དན་ཙམ་པ་ཀ།
358a5 རྒྱུ་སྤོས་སྤྲི་ཀ་དེ་བཞིན་པ་ཏཱ་ལ།། མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དག། ཤིན་ཏུ་བཟང་དང་འབྲུ་མར་དག་གིས་བསྲེགས།། དེ་ཡི་རུས་པ་སྒྲོམ་ནི་བྱས་པར་གྱུར།། དགེ་སློང་དག
358a6 གིས་དེ་ཡང་དེར་བསྲེགས་ཏེ། ། རྒྱལ་པོས་དེ་ཡི་མཆོད་རྟེན་བྱས་ནས་སུ།། འདི་ལ་ངས་ནི་མཆོད་པ་བྱས་ཞེས་ཟེར།། མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དག། གདུགས་དང་བ་དཱན་རྒྱལ་མཚན
358a7 ཐོགས་ནས་སུ། ། རྒྱལ་པོས་དེར་ནི་སིལ་སྙན་སྟོང་དག་དང་།། བྱེ་བ་ཁྲག་ཁྲིག་རྣམས་ཀྱང་ལེན་དུ་བཙུད།། ཉི་མ་གཅིག་ལ་རྒྱལ་པོ་དུས་གསུམ་དུ།། དགེ་སློང་དེ་ཡི་མཆོད་རྟེན་དེ




iiif viewer powered by OpenSeadragon

357b - 358b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo