e-texts navigator
Collection
Volume
Page
Wylie

356b1 མཆོག་ལ་ཁོད། ། ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ།། བརྩོན་འགྲུས་ཐ་གུས་སྦྲེལ་བའི་གྲུ་སྦྱོར་ཏེ།། ཀྱེ་ཀྱེ་སེམས་ཅན་རྒྱ་མཚོ་ཆེན་པོར་ནི།། རབ་ཏུ་ལྟུང་ཞིང་སྲེད་པར་དད་པ
356b2 རྣམས། ། ཀྱེ་ཀྱེ་སྟོབས་བཅུ་ལྡན་པ་མེ་ཏོག་མཆོག། གཉན་པ་གདོངས་པཛིན་མཁས་པ་བཞེངས་སུ་གསོལ།། ཀྱེ་ཀྱེ་ཤིན་ཏུ་སྲ་བའི་གྲུར་ཡང་ནི།། ཞུགས་ནས་བདག་དང་དེ
356b3 དག་བསྒྲལ་བར་མཛོད། ། ཀྱོ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ།། ཤིན་དུ་སྤྱད་ཅིང་རིག་མཛད་སྨན་པའི་མཆོག། ཀྱེ་ཀྱེ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན།། དམ་པའི་ཆོས
356b4 ཀྱི་རྩི་དག་སྦྱིན་མཛད་པ། ། ཀྱེ་ཀྱེ་འདི་ནི་རྣམ་པ་སྣ་ཚོགས་ཀྱིས།། བཏབ་པའི་སེམས་ཅན་ན་བ་རྣམས་གཟིགས་ནས།། ཀྱེ་ཀྱེ་མྱུར་དུ་བཞེངས་ལ་དེ་དག་ལ།། ཆོས་ཀྱི་སྨན་རྣམས
356b5 ཤིན་ཏུ་སྩལ་བར་མཛོད། ། ཀྱེ་ཀྱེ་ཡེ་ཤེས་སྨན་པའི་རྒྱལ་པོ་མཆོག། མཚུངས་མེད་ཡེ་ཤེས་འཕགས་ཤིང་ཕ་རོལ་ཕྱིན།། ཀྱེ་ཀྱེ་ནད་རྣམས་ཤིན་ཏུ་གསོ་མཛད་ཅིང་།། ཐུགས
356b6 རྗེ་སེམས་ཅན་དག་གི་དོན་ཀྱང་མཛད། ། ཀྱེ་ཀྱེ་ན་པར་གྱུར་པའི་སེམས་ཅན་ཁམས།། འདོད་ཆགས་ནད་ཀྱིས་མ་ལུས་བཅོམ་པའི་རྣམས།། དེས་ནི་སེམས་ཅན་ཐམས་ཅད་བདེ་བ
356b7 དང་། ནད་རྣམས་མེད་ཅིང་མྱ་ངན་འདས་པར་འགྱུར།། ཀྱེ་ཀྱེ་མཁས་པ་ཡེ་ཤེས་རྒྱ་ཆེར་བསླབས།། ཆོས་ཀྱི་རྔ་དག་ཤིན་དུ་བརྡུང་བར་མཛོད།། ཀྱེ་ཀྱེ་འཇིག་རྟེན་གྱི་ནི་ཐེ་ཙོམ་གྱི།




iiif viewer powered by OpenSeadragon

356a - 357a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo