e-texts navigator
Collection
Volume
Page
Wylie

356a1 ཟླ་མཛེས་ཐུགས་བརྩེ་ཅན། ། རབ་སྦྱིན་འདྲེན་པ་ཁྱོད་ནི་བཞེངས་སུ་གསོལ།། ཀྱེ་ཀྱེ་ཁྱོད་ནི་བཞེངས་ལ་བདག་ལ་ཡང་།། མཐོང་བར་དགའ་བའི་གཟུངས་རྣམས།
356a2 བཤད་དུ་གསོལ།། ཀྱེ་ཀྱེ་འཇིག་རྟེན་ཀུན་ཏུ་སྣང་མཛད་པ།། ཤེས་རབ་ཀྱི་ནི་སྒྲོན་མ་དམ་པའི་མཆོག། ཀྱེ་ཀྱེ་སེམས་ཅན་དག་གི་ཕན་དོན་ལ།། བརྩོན་མཛད་འདྲེན་པ་ཐུགས་རྗེ
356a3 སྟོབས་བཅུ་ལྡན། ། ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་བཞེངས་སུ་གསོལ།། དཔའ་པོ་སེམས་ཅན་དག་གི་དོན་མཛད་པ།། ཀྱེ་ཀྱེ་སེམས་ཅན་དག་ནི་བྱེ་བ་དང་།། ཁྲག་ཁྲིག་རྣམས་ཀྱང་ཞི་བའི།
356a4 གྲོང་དུ་ཁོད།། ཀྱེ་ཀྱེ་ཚུལ་ཁྲིམས་ནོར་ལྡན་བློ་གྲོས་ཆེ།། མཁས་པ་བསླབ་པའི་ནོར་གྱིས་ཤིན་ཏུ་ཕྱུག། ཀྱེ་ཀྱེ་ཚུལ་ཁྲིམས་བརྟུལ་ཞུགས་རབ་གནས་ཤིང་།། ཆོས་ཀྱི་ཤིང་གི་མྱུ་གུ
356a5 མངོན་པར་དགའ། ། ཀྱེ་ཀྱེ་ཆོས་གོས་ངུར་སྨིག་ཁ་བསྒྱུར་འཆང་།། རྟག་ཏུ་མངོན་པར་བྱུང་ལ་དགའ་བར་མཛད།། ཀྱེ་ཀྱེ་མེ་ཏོག་ཟླ་བ་བརྟུལ་ཞུགས་བཟང་།། རབ་སྦྱིན་དཀའ་ཐུབ
356a6 བཟང་པོ་ཁྱོད་བཞེངས་ཤིག། ཀྱེ་ཀྱེ་དུལ་བ་སེམས་ཅན་མ་དུལ་འདུལ།། རྟག་པར་དུལ་བའི་གནས་དང་རྗེས་སུ་ལྡན།། ཀྱེ་ཀྱེ་དུལ་བ་རབ་དུལ་རྗེས་སུ་བཞུད།། ཞི་བ་དབང་པོ་རབ
356a7 ཞི་ཁོང་ནས་དེས། ། ཀྱེ་ཀྱེ་སེམས་ཅན་ཉལ་ཞིང་གཉིད་ལོག་པ།། ཆོས་ཀྱི་སྒྲ་ཡིས་རྟག་ཏུ་སད་པར་མཛོད།། ཀྱེ་ཀྱེ་སེམས་ཅན་བྱེ་བ་ཁྲག་ཁྲིག་དག། སད་པར་བགྱིས་ནས་ཐེག་པ




iiif viewer powered by OpenSeadragon

355b - 356b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo