| | e-texts navigator
|
355a1 ཅིག། ཀྱེ་མ་དཔའ་བོ་སྟོབས་བཅུས་མངོན་འཕགས་པ།། ཚེ་ལ་ཁྱོད་དབང་བདག་པོ་གང་དུ་བཞུད།། ཀྱེ་མ་དཔའ་བོ་ནུར་སྨྱོན་བདག་ལ་གསུངས།། ཁྱོད
355a2 ཡུན་རིང་བཟོད་པ་བསྒོམས་པ་དང་། ། བརྩོན་འགྲུས་ཐུགས་རྗེ་དེ་དག་གང་དུ་མཆིས།། བྱམས་པ་ཆེན་པོ་བཞེངས་ལས་གསུངས་ཕྱུང་ཅིག། ཀྱེ་མ་ཤིན་ཏུ་མཆོད་པོས་ལྷ་ཡི་ལྷ།། ཆོས
355a3 སྨ་ཅང་མི་གསུངས་པར་ཅི་སྨད་བཞུགས། ། མཁས་པ་བཞེངས་ལ་བདག་གི་ཁྱིམ་དུ་བཞུད།། བུད་མེད་ཚོགས་ལ་ཁྱོད་ཀྱིས་ཆོས་སྟོན་ཅིག། ལྷ་ཁྱོད་ལུས་ནི་བཅད་པར་མི་ནུས་ཏེ།།
355a4 ལྷ་དང་ལྷ་མིན་གནོད་སྦྱིན་སྲིན་པོས་ཀྱང་།། ཁྱོད་ཀྱི་ལྷ་ཡི་ལུས་འདི་མི་ཤིགས་ཀྱིས།། མཁས་པ་ཁྱོད་དེང་སྒྱུ་དག་མ་མཛད་ཅིང་།། ལྷ་ཁྱོད་སྒྱུ་མཛད་བཞུགས་པ་ག་ལ་མང།
355a5 བྱང་ཆུབ་སེམས་དཔའ་སྒྱུ་མ་མ་མཛེས་སོ།། སྒྱུ་མ་ཐམས་ཅད་སྤོང་ལ་བཞེངས་སུ་གསོལ།། རིན་ཆེན་ལྡན་པའི་གྲོང་དུ་ཆོས་ཤོད་ཅིག། ཀྱེ་མ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར།
355a6 ཀྱེ་མ་ཁམས་གསུམ་འདོད་ཆགས་བྲལ་བ་ཚུར།། ཀྱེ་མ་ཕ་མ་ལྟ་བུ་འདྲེན་པ་ཚུར།། བདག་གི་སེམས་དམྱལ་སྒོ་ནི་བཅད་དུ་གསོལ།། ངན་སོང་སྐྱེས་པ་རྣམས་ཀྱིས་རྟེན་དང་།
355a7 དཔུང་།། སྲོག་ཆགས་མནར་མེད་ཆེན་པོར་ལྷུང་བ་ཡི།། སྐྱབས་མཛད་མེ་ཏོག་ཟླ་མཛེས་ཚུར་སྤྱོན་ཅིག། བདག་གི་བདེ་འགྲོའི་སྒོ་ཡང་དབྱེ་བར་གསོལ།། མགོན་པོ་ཁྱོད་ནི་དགུང
iiif viewer powered by OpenSeadragon
354b - 355b