e-texts navigator
Collection
Volume
Page
Wylie

354b1 མཆོག་ནི་བདག་གིས་དཀྲོངས་བགྱིས་ཏེ། ། སྡིག་པ་མ་ལེགས་བདག་གིས་དེར་བགྱིས་པས།། འདི་ནས་འཆི་འབོས་མི་བཟང་དམྱལ་བར་སྐྱེ།། བདག་ལ་དེ་ཡི་སྦུབས་སུ་འགྱུར་བ་མད།། ཉོན
354b2 མོངས་བྱེད་པ་སྡིག་སེམས་ཅི་རུ་རུང་། ། རྒྱགས་པས་ཁེངས་པའི་རྒྱལ་སྲིད་ཅི་རུ་རུང་།། ཐམས་ཅད་སྤངས་ཏེ་གཅིག་པུ་འགྲོ་བར་འགྱུར།། འདི་ནས་བདག་གིས་སྙིང་པོ་ཅི་མ་བླངས།། འདོད
354b3 ཆགས་ཞེ་སྡང་བཅོམ་པ་རྣམས་དག་ཆོས། ། སྙན་པར་གསུང་བ་བདག་ཐུལ་ཐུགས་རྗེ་ཅན།། འགྲོ་བའི་གཉེན་གཅིག་སུན་འབྱིན་མི་མཛད་པ།། མེ་ཏོག་ཟླ་མཛེས་བདག་གིས་ཅི་ཕྱིར་དཀྲོས།
354b4 ཀྱེ་མ་བཟོད་དང་དཀའ་ཐུབ་ནོར་ཕྱུགས་བརྟུལ་ཞུགས་བཟང་།། ཀྱེ་མ་གཟུགས་དང་དེས་པ་དག་གི་ཡོན་ཏན་ལྡན།། ཀྱེ་མ་གཡོ་མེད་དཔལ་སྡུག་སྤྲོས་པ་མི་མངའ་བ།། བདག་ཅག་བོར་ནས
354b5 ཁྱོད་ནི་གང་དུ་བཞུད་པར་མཛད། ། འཕགས་པ་ཁྱོད་ཀྱི་ལུས་དང་ཡན་ལག་བཅད་པ་ན།། འོ་མ་རབ་ཏུ་ཟག་ཅིང་འོད་ཟེར་སྟོང་དག་བྱུང་།། འཇིག་རྟེན་འདི་དག་ཐམས་ཅད་ཤིན་ཏུ་ངོ
354b6 མཚར་གྱུར། ། ངོ་མཚར་ཆེ་བའི་རང་བཞིན་འདྲེན་པ་བཞེངས་སུ་གསོལ།། ཀྱེ་མ་མེ་ཏོག་ཟླ་བ་དུལ་བ་ཐུགས་རྗེ་ཅན།། ཀྱེ་མ་བྱམས་དང་སྙིང་རྗེའི་ཕུང་པོ་རི་བོ་ཆུང་།། ཀྱེ་མཆོས
354b7 རྣམས་ཟབ་མོ་ཤིན་ཏུ་སྟོན་པའི་མཆོག། ལྷ་ཁྱོད་བཞེངས་ཤིག་བདག་ལ་ཐུགས་རྗེར་མཛད་དུ་གསོལ།། ཀྱེ་མ་ཟླ་བ་ཉ་ཞལ་ཚུར་སྤྱོན་ཅིག། ཀྱེ་མ་ས་བཅུ་ལེགས་གནས་ཚུར་སྤྱོན




iiif viewer powered by OpenSeadragon

354a - 355a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo