e-texts navigator
Collection
Volume
Page
Wylie

353b1 ཅན། ཞི་བ་བཞི་རྟག་ཏུ་མཉམ་བཞག་པ།། འདོད་པས་མདོངས་པ་དག་གིས་དེང་དཀྲོངས་ཏེ།། དེས་ནི་ཤིན་ཏུ་མ་རུངས་དམྱལ་བར་ལྷུང་།། སངས་རྒྱས་གང་དག་འདས་དང
353b2 བཞིན་མ་བྱོན་དང་། ། མི་ཡི་དམ་པ་རྒྱལ་བ་གང་ཡང་བཞུགས་པ་ནི།། བསྔགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས།། དེ་དག་ཀུན་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་མཆི།།
353b3 ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ།། བམ་པོ་བཅུ་གསུམ་པ།། །། དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་བསད་དེ།།
353b4 ཤི་བའི་ལུས་ཀྱི་མདོག་མ་གྱུར་པར་ས་ལ་འགྱེལ་ཅིང་འདྲུག་པ་མཐོང་ནས།། སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ།། འགྱོད་ཅིང་མོས་པར་གྱུར་ནས། དེའི་ཚེ་ཆོ་ངེས་རབ་ཏུ་ཆེར་བཏབ་བོ།། ཆོས་སྨྲ
353b5 བ་མེ་ཏོག་ཟླ་མཛེས་དེ་ལ་ཡང་འདི་ལྟ་བུར་ཡང་དག་པའི་ཡོན་ཏན་གྱིས་བསྟོད་པ་དང་། སྙིང་རྗེ་དང་ལྡན་པའི་ཚིགས་སུ་བཅད་པ་པ་དེ་དག་སྨྲས་སོ།། ཀུན་ཏུ་བཟང་པོ་པ་ཕགས་པའི་དགེ་འདུན
353b6 གྱིས་ཁྱོད་ལ་རྣམ་པ་མང་པོ་བསྒོ་བ་བགྱིས། ། ཁྱོད་ཀྱི་སྲོག་གི་བར་ཆད་བྱུང་ང་རེ།། རིན་ཆེན་ལྡན་པར་རྒྱལ་པོའི་ཁབ་མ་བཞུད།། ཁྱོད་ཀྱི་དགེ་སློང་དགེ་འདུན་ཚིག་མ་བཟུང་།།
353b7 མགོན་པོ་གྲོང་ཁྱེར་དུ་ནི་ཅི་སླད་བྱོན།། ཁྱོད་ནི་གང་གི་དོན་དུ་བྱོན་པ་ཡི།། དོན་དེ་སྒྲོན་མ་མཛད་པ་མཛད་དུ་གསོལ།། ལྷ་རྫས་མིག་གུ་སྣ་ཚོགས་བརྒྱན་པ་ཡིས།། གཟུགས་བཟང




iiif viewer powered by OpenSeadragon

353a - 354a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo