e-texts navigator
Collection
Volume
Page
Wylie

353a1 བའི་སྒྲ་དག་དེ་ཐོས་ཏེ།། རྒྱལ་པོ་ཁྱོད་ཀྱིས་མི་དགེ་སྡིག་མང་བགྱིས།། ཤྲཱི་ཕོས་ནས་ནི་མནར་མེད་མི་བདེར་འགྲོ།། རྒྱལ་པོ་དེས་ནི་ལྷ་ཡི་སྒྲ་ཐོས་ནས།། ཤིན་དུ
353a2 སྡུག་བསྔལ་མི་དགའ་སེམས་སྐྲག་གྱུར། ། བདག་གིས་མེ་ཏོག་ཟླ་མཛེས་དཀྲོངས་པ་ནི།། བདག་གིས་སྡིག་པ་མི་བཟད་མང་པོ་བགྱིས།། དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་ལྡན།།
353a3 སངས་རྒྱས་མི་ཡི་ཁྱུ་མཆོག་སྲས་པོ་གང་།། དབང་པོ་བསྲུང་ཤིང་ངེས་པ་ཞི་བའི་ཡིད།། དེ་ནི་འདོད་པའི་དོན་ཕྱིར་བདག་གིས་དཀྲོངས།། དེ་བཞིན་གཤེགས་པའི་ཆོས་རྣམས་གང་འཛིན
353a4 ཅིང་། ། ཟད་པའི་དུས་ལ་དམ་པའི་ཆོས་ཀྱི་མཛོད།། འཇིག་རྟེན་ཀུན་ཏུ་ཆོས་ཀྱི་སྒྲོན་མ་མཛད།། དེ་ནི་འདོད་པའི་དོན་ཕྱིར་བདག་གིས་དཀྲོངས།། འཇིག་རྟེན་ཀུན་ན་སྨན་པའི་རྒྱལ
353a5 པོ་གང་། ། སེམས་ཅན་ན་བ་རྟག་ཏུ་གསོ་བྱེད་ཅིང་།། བདུད་རྩི་དག་གིས་བཀྲུ་སྨན་གཏོང་བ་ཡི།། དགེ་སློང་བདག་གིས་འདོད་པའི་དོན་ཕྱིར་དཀྲོངས།། ཞི་ཅིང་ཟབ་ལ་ཞི་བ་ལྟ་དཀའ་ཡི།།
353a6 ཆོས་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང་།། བྱང་ཆུབ་སྙིང་པོ་མཆོག་ཀྱང་གང་སྟོན་པ།། དེ་ནི་འདོད་པའི་དོན་ཕྱིར་བདག་གིས་དཀྲོངས།། འདྲེན་པ་རྣམས་ཀྱི་ཆོས་ཀྱི་མཛོད་པཛིན་ཅིང་།།
353a7 བཇིག་རྟེན་མདོངས་པའི་སྒྲོན་མར་གྱུར་པ་སྟེ།། གཟུངས་དང་མདོ་སྡེའི་རྒྱལ་པོ་གང་འཛིན་པ།། དེ་ནི་ཅི་སླད་བདག་གིས་འདོད་ཕྱིར་དཀྲོངས།། ཉོན་མོངས་མེད་ཅིང་རྣམ་དག་ཡེ་ཤེས




iiif viewer powered by OpenSeadragon

352b - 353b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo