| | e-texts navigator
|
352a1 གྲིས་མཛེས་པ་ནི། ། སེམས་ཅན་རྣམས་ལ་བརྩེ་ཕྱིར་གྲོང་དུ་འོངས།། ང་ནི་གཟུགས་ཀྱང་དེ་ཙམ་མི་ཕོད་པས།། དེ་ཡ་ང་ཡང་འཇུངས་པ་མ་རུངས་སྐྱེས།།
352a2 འདོད་ལ་ཆགས་ཤིང་སྲིད་ལ་བཅིངས་པས་ནི།། འདི་ནི་བདག་གི་སྲིད་ལས་སྐྱོད་སྙམ་སྟེ།། དྲ་ཡི་བུ་རྣམས་སྦྱོང་དུ་ཚང་བ་ཡང་།། ཤིང་རྟར་ཞུགས་ཤིང་ཞམ་རིང་མཐོན་དམན
352a3 འགྲོ། ཅོད་པན་དང་ནི་སྣ་ཚོགས་རྒྱན་གྱི་ས་བརྒྱན།། སུམ་ཅུ་དབང་ཕྱིར་ལྷ་ཡི་བུ་འབྲང་བཞིན།། དེ་ན་ང་ཡི་བུ་མོ་ལྔ་བརྒྱ་དག། ནོར་བུ་ཐོགས་ཤིང་ལྷམ་གྱོན་བལྟ་ན་སྡུག།
352a4 མགོ་བརྒྱན་དང་ནི་ལྷབ་ལྷུབ་བརྒྱན་གྱིས་སྤུད།། དེ་དག་གསེར་གྱི་དྲ་བས་ཤིང་རྟ་འདྲེན།། ང་ཡི་བུད་མེད་དག་ནི་བརྒྱད་ཁྲི་ཡང་།། གཟུགས་མཛེས་ཤིན་ཏུ་བལྟ་ན་སྡུག་པ་དག
352a5 ཤིང་རྟར་ཞུགས་པས་དགེ་སློང་དེ་མཐོང་སྟེ། ། རི་རབ་བཞིན་དུ་གཟུགས་བཟང་དཔལ་འབར་བ།། མཐོང་ནས་དེ་དག་ཕར་ཡང་འདུ་ཤེས་བསྐྱེད།། བྱང་ཆུབ་དམ་པ་མཆོག་ཏུ
352a6 སེམས་བསྐྱེད་ཏེ། ། དེ་ཚེ་ཚངས་པའི་སྤྱོད་པར་ཡང་དག་བཙུད།། ཡིད་དུ་འོང་བའི་རྒྱན་རྣམས་དེ་ལ་གཏོར།། དེ་ཚེ་ང་ནི་ཕྲག་དོག་སྐྱེས་པར་གྱུར།། གནོད་སེམས་ཞེ་སྡང་ཐ་བ་མི
352a7 བཟད་དོ། ། དབང་ཕྱུག་རྒྱགས་པས་བུ་ལ་འདི་སྐད་བྱས།། མདུན་ན་འདུག་པའི་དགེ་སློང་བསད་པར་གྱིས།། གཞོན་ནུ་དེ་དག་ང་ཡི་ཚིག་ཐོས་ནས།། ཤིན་དུ་སྡུག་བསྔལ
iiif viewer powered by OpenSeadragon
351b - 352b