| | e-texts navigator
|
348b1 འདི་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཕྱིན།། འཇིག་རྟེན་ཐམས་ཅད་ལས་ཀྱང་མངོན་པར་འཕགས།། འདི་ནི་སངས་རྒྱས་རབ་བྱུང་ཡེ་ཤེས་ཀྱིས།། ཁྱུ་མཆོག་གྱུར་ཅིང་འཇིག་རྟེན་རི་མོ་བྱས།
348b2 དག་ཅིང་རབ་རིབ་མེད་པའི་མིག་གིས་བལྟ།། བྱམས་པ་དང་ནི་སྙིང་རྗེ་ཤིན་ཏུ་ཆེ།། འདོད་པ་ངན་ཅིང་བརྩོག་ལ་སྡུག་བསྔལ་བསྐྱེད།། མཐོ་རིས་རྣམ་པར་མ་རུང་བྱེད་པ་སྟེ།། འདོད་པ
348b3 བསྙེན་ན་རྣ་བ་མེད་པར་འགྱུར། ། མི་དག་ཤེས་རབ་དང་ཡང་བྲལ་བར་འགྱུར།། མི་རྣམས་འདོད་པ་དག་ནི་བསྙེན་བྱས་ན།། ལོང་པར་འགྱུར་ཞིང་ཕ་དང་མ་ཡང་གསོད།། འདོད་པ
348b4 བསྙེན་བྱས་ཚུལ་ཁྲིམས་ལྡན་པ་གསོད། ། དེ་བས་མི་ཡིས་འདོད་པ་རྣམ་པར་སྤངས།། རྒྱལ་པོས་འདོད་པ་དག་ནི་བསྙེན་བྱས་ན།། ས་བདག་དམ་པ་འབྱོར་པ་འདི་བོར་ནས།། མི
348b5 བཟང་སྡུག་བསྔལ་རྩུབ་བྱེད་སེམས་དམྱལ་ནས། ། སེམས་ཅན་དམྱལ་བ་འཇིགས་པ་ཆེན་པོར་འགྲོ།། འདི་འདྲའི་དགེ་སློང་མཁས་པ་གསོད་བྱེད་དེ།། སྡིག་པའི་ལས་རྣམས་རྟག
348b6 ཏུ་བྱེད་པར་འགྱུར། ། དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ།། སྡིག་པ་རྣམ་པ་སྣ་ཚོགས་སྤངས་པར་བྱ།། ལུས་ནི་སྒྱུ་མ་གསོག་དང་འདྲ་བ་དང་།། དེ་བཞིན་རྣ་མིག་སྣ་ལྕེ་རིག་ནས་ནི།། གཟུག
348b7 དང་སྒྲ་དང་དེ་བཞིན་དྲི་མཆོག་དང་། ། རེག་བྱ་ཆོས་རྣམས་ཞུམ་མེད་སེམས་ཀྱིས་གཏོང་།། སྦྱིན་པ་བསླབས་ཤིང་ཚུལ་ཁྲིམས་མཉམ་པ་མེད།། བཟོད་པ་དང་ནི་བརྩོན་འགྲུས་དེ
iiif viewer powered by OpenSeadragon
348a - 349a