e-texts navigator
Collection
Volume
Page
Wylie

346b1 སུ་བསྐོར་བར་གྱུར།། བདེ་བར་གཤེགས་པའི་སྲས་མཆོག་མཐུ་ཆེ་བ།། དགེ་སློང་དྲི་མཆོག་མིག་བཟང་འདིར་བྱོན་ན།། བདག་གི་སེམས་ནི་རབ་ཏུ་ངན་གྱུར་ཏེ།། དགེ་སློང་རྒྱལ་པོའི་ཕོ
346b2 བྲང་འཇུག་པའི་ཚེ། ། བུད་མེད་ཚོགས་ཆེན་དགའ་བ་ལྟ་མཐོང་ནས།། རྨོངས་པས་དེ་ལ་ཕྲག་དོག་ཁྲོ་བ་སྐྱེད།། ཕྱོགས་པནི་ཀུན་དུ་སྣང་བར་བགྱིས་པ་ནི།། ཟ་བ་སྒྲ་གཅན་ཟིན
346b3 ཐར་མཛེས་པ་བཞིན། ། དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་མཐོང་ནས།། བུད་མེད་ཚོགས་རྣམས་དགའ་ཞིང་སྒྲ་ཡང་འབྱིན།། བདག་གིས་དེར་ནི་གཏུམས་པའི་ཚིག་སྨྲས་ཏེ།། བུ་སྟོང
346b4 དག་ལ་དེ་ཉིད་ཁྱེད་སོང་ལ། ། དགེ་སློང་འདི་ནི་དུམ་བུ་དུམ་བུར་གྱིས།། འདི་ནི་ང་ཡི་དགྲ་མཆོག་མ་རུངས་པ།། གཞོན་ནུ་ཐམས་ཅད་མཉེས་ཞིང་ཚུལ་ལྡན་ཏེ།། བདག་ལ་ཕན་སེམས་དགེ
346b5 སློང་དེ་ལ་འདུད། ། རྒྱལ་པོ་འདི་འདྲའི་བཀའ་བཞིན་བགྱིར་མི་རུང་།། དེ་ཚེ་བདག་ནི་མྱ་ངན་ནོན་པར་གྱུར།། དགེ་སློང་ཤིན་ཏུ་ཚུལ་ཁྲིམས་མཆོག་ལྡན་པ།། བྱམས་ལྡན་པ་བཞིན
346b6 ཞུགས་པ་མཐོང་ནས་ནི། ། ཤིན་ཏུ་གདུམ་པའི་སེམས་ཀྱིས་གསོད་དུ་བཏང་།། ཕྱི་དུས་བདག་ནི་ལྷུང་ནས་མནར་མེད་སྲེག། དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས།། མ་རུཿ
346b7 ལས་བགྱི་མི་ལ་སྡུག་བསྔལ་བསྐྱེད། ། བདག་གི་བཀའ་བཞིན་དེ་འདྲར་དེ་བགྱིས་ཏེ།། མེ་ཏོག་འཕྲེང་བརྒྱུས་འདྲ་བའི་དགེ་སློང་གདུམས།། ནགས་མཆོག་ཀུན་ཏུ་བཟང་པོ་དགའ་བ་ན།།




iiif viewer powered by OpenSeadragon

346a - 347a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo