| | e-texts navigator
|
346a1 གི་སྒྲ་ཐོས་ནས། དེ་ཤིན་ཏུ་འཇིགས་ཤིང་སྐྲག་ནས། བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ། འགྱོད་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དཔའ་བོས་བྱིན་སྡུག་བསྔལ་ཞིང
346a2 ཡིད་མི་བདེ་སྟེ། འགྱོད་པར་གྱུར་པས། དེའི་ཚེ་ཆོ་ངེས་ཆེར་བཏབ་ནས། ཚིག་འདི་སྐད་ཟེར་རོ།། རྒྱལ་པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང་།། ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག
346a3 སྤངས། ། བདག་ཉིད་མཚོན་ཐོགས་བདག་ཉིད་འཆི་བར་བྱ།། བདག་ནི་བྱིས་པའི་བློ་ཅན་ལས་ངན་ལྡན།། དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བ།། སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས
346a4 ཏེ། ། སྣང་བར་བྱེད་ཅིང་རྒྱལ་པོའི་ཕོ་བྲང་པོངས།། ཟླ་བ་ཉ་ཚེ་སྐར་མའི་རྒྱལ་པོ་བཞིན།། འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ།། རབ་ཏུ་དགའ་བར་བུད་མེད་ཚོགས་རྣམས
346a5 དང་། ། ཤིང་རྟའི་ནང་དུ་ཞུགས་ཏེ་དེ་ནས་སོང་།། རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་འཁོར་བར་བསྐོར།། དགེ་སློང་དྲི་མཆོག་མིག་བཟང་འདི་ཉིད་ནི།། འདིར་བྱོན་དགེ་སློང་དེ་ནས
346a6 མཐོང་ནས་སུ། ། བུད་མེད་ཚོགས་རྣམས་རབ་ཏུ་དགའ་གྱུར་ཅིང་།། མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་གཏོར།། ཐམས་ཅད་སོར་བཅུའི་ཐལ་མོ་སྦྱར་བྱས་ནས།། ཚོགས་བཅད་དབྱངས
346a7 ཀྱིས་དགེ་སློང་དེ་ལ་བསྟོད། ། རྒྱལ་པོ་ཡི་ནི་ཀླུ་ཡི་དབྱངས་སྒྲ་རྣམས།། དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར།། དེ་ཡང་ཤིང་རྟའི་ནང་དུ་ཞུགས་ནས་ནི།། རྒྱལ་རིགས་རྣམས་ཀྱིས་ཡོངས།
iiif viewer powered by OpenSeadragon
345b - 346b