e-texts navigator
Collection
Volume
Page
Wylie

345a1 པ་དེར་འོངས་པ་དང་། དགའ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་བྱ་དགའ་ཆེར་སྦྱིན་ན།། དགའ་བྱེད་ཁྱོད་དགེ་སློང་འདི་སྲོག་དང་དཔྲལ་བར་བྱེད་ནུས་སམ།
345a2 དགའ་བྱེད་ཀྱིས་སྨྲས་པ། ལྷ་ཤིན་དུ་རྔོ་ཐོག་གོ།། བཀའ་བཞིན་འཚལ། དགེ་སློང་འདི་སྲོག་དང་དཔྲལ་བར་འཚལ་ལོ།། རྒྱལ་པོས་སྨྲས་པ། དགའ་བྱེད་དེའི་ཕྱིར་དེའི་དུས་ལ་དབབ
345a3 པར་ཤེས་ན། མཚན་རྣོན་པོ་ཐོགས་ལ་དགེ་སློང་འདིའི་ལག་པ་དང་རྐང་པ་ཆོད་ཅིག། རྣ་བ་དང་སྣ་ཡང་ཆོད་ཅིག། འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བསྟས་ཀྱིས།།
345a4 དེའི་ཕྱིར་འདིའི་མིག་ཀྱང་རྐམ་པས་ཕྱུང་ཤིག་ཅེས་བྱས་སོ།། དེ་ནས་གསོད་པའི་གཤེད་མ་དགའ་བྱེད་ཀྱིས། དེའི་ཚེ་རལ་གྲི་རྣོན་པོ་ཐོགས་ནས་དགེ་སློང་དེའི་ལག་པ་དང་རྐང་པ་བཅད་དོ།།
345a5 རྣ་བ་དང་སྣ་ཡང་བཅད་དོ།། མིག་གཉིས་ཀྱང་ཕྱུང་ངོ་།། དེ་ནས་དགེ་སློང་དེའི་མགོ་དང་། རྣ་བ་དང་། རྐང་ལག་བཅད་པ་ལས། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བྱུང་། འོ་མའི།།
345a6 རྒྱུན་དུ་མ་ཡང་བྱུང་སྟེ། ཕྱོགས་བཅུར་བསྐོར་ནས། སླར་ཡང་དགེ་སློང་དེའི་ལུས་ཀྱི་ནང་དུ་ནུབ་བོ།། བཅད་ཅིང་བཏུབས་པའི་འཕྲོ་ནས། དཔལ་བེའུ་དང་། བཀྲ་ཤིས་དང་། འཁོར
345a7 ལོ་ལ་སོགས་པ་ནང་ནས་བྱུང་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀུན་དུ་སྣང་ངོ་།། དེ་ནས་རྒྱལ་པོ་དེ་སྐྱེ་བོའི་ཚོགས་ཆེན་པོ་དང་དོང་ནས། སྐྱེ་བོའི་ཚོགས་ཆེན་པོ་དེས




iiif viewer powered by OpenSeadragon

344b - 345b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo