| | e-texts navigator
|
344b1 དེ་རྒྱལ་པོའི་སྲིད་ཀྱི་ཕྱིར་ཤིན་ཏུ་སྤངས་པར་གྱུར་ཏོ།། དགེ་སློང་དེའི་གཟུགས་ཀྱི་ལུས་ཡོངས་སུ་རྫོགས་པ་མཐོང་ནས་ཤིན་དུ་ཁྲོས་སོ།། དགེ་སློང་དེ་རྒྱལ་པོའི་ལམ་ན་འདུག་པའི་མིག་ཏུ་རྡུལ
344b2 སོང་བ་དང་། དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཏེ། འདིས་མིག་གིས་བརྡ་བྱས་སོ།། དེ་འདི་སྙམ་དུ་སེམས་ཏེ། དེ་དགེ།
344b3 སློང་འདི་ལ་སྲོག་གཅོད་པར་བྱེད་པ་སུ་ཡོད་སྙམ་མོ།། དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱི་ཞམ་རིང་དུ་བུ་སྟོང་འབྲང་བ་དེ་དག་བོས་ནས། གཞོན་ནུ་དག་དགེ་སློང་འདི་སྲོག་དང་ཕྲོལ་ཅིག་ཅེས་བྱས་ན།
344b4 གཞོན་ནུ་དེ་དག་རྒྱལ་པོ་དཔའ་བོས་བྱིན་ལ་སླར་ཟློག་གོ།། དགེ་སློང་དེའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་དག་ཀྱང་བཀའ་མི་ཉན་ཏེ། བདག་གཅིག་པུ་གཉིས་སུ་མེད་པར་བཞག་ན། དེ་དགེ་སློང།།
344b5 འདི་སྲོག་དང་བྲལ་བར་བྱེད་པ་སུ་ཡོད་སྙམ་མོ།། དེ་ནས་རྒྱལ་པོ་དཔའ་བོས་བྱིན་ལ་བསད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ་བཙམ་པ་མེད་པ། མ་རུངས་པ་ཞིག་ཡོད་པ་དེ་རྒྱལ་པོའི
344b6 ལམ་ན། རྒྱལ་པོ་དཔའ་བོས་བྱིན་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་གོ།། རྒྱལ་པོ་དཔའ་བོས་བྱིན་གྱིས་དེ་མཐོང་ནས་དགའ་མགུ་ཡིད་རངས་ཏེ། རབ་ཏུ་དགའ་བ་དང་མོས་པ་དང་ཡིད་བདེ
344b7 བ་སྐྱེས་ནས། དེ་སེམས་འདི་སྙམ་དུ་སེམས་ཏེ། དགའ་བྱེད་པ་དིས་དགེ་སློང་འདི་སྲོག་དང་དཔྲལ་བར་བྱེད་སྙམ་མོ།། དེ་ནས་གསོད་པའི་གཤེད་མ་དགའ་བྱེད་རྒྱལ་པོ་དཔའ་བོས་བྱིན་གང་ན་འདུག
iiif viewer powered by OpenSeadragon
344a - 345a