| | e-texts navigator
|
344a1 བསྟན། ། ཞིབ་ཅིང་རྡུལ་བྲལ་ཆོས་རྣམས་པཤད་པ་མཛད།། དེ་ནི་གང་ན་འང་སྣང་བུར་འགྱུར་བུ་མེ།། དགེ་སྦྱོང་དང་ནི་ཟླུམ་ཟེ་ལྔ་དང་ཀླུ།། མཱ་མིནྡྲ་བདུདན།
344a2 ཚངས་པར་བཅས་ལ་སོགས།། སངས་རྒྱས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས།། རྒྱ་མཚོ་དག་ནི་ཟད་པར་ཡོད་མི་ནུས།། གོང་གིས་ཐུགས་སྲས་བདི་འི་དྲ་མངའ་བ་ཡི།།
344a3 རྒྱལ་མཚུངས་མེད་རྒྱལ་ལ་ཕྱག་འཚལ་ལོ།། ཚིགས་བཅད་འདི་དག་སྨྲས་ནས་དེ་ཡི་ཚེ།། རྒྱལ་པོའི་བུ་མོ་གཞོན་ནུ་ཐམས་ཅད་དགའ།། གསེར་དང་གསེར་ཕྱེ་དག་ཀྱང་འཐོར་བར་བྱེད།།
344a4 གོས་རྣམས་ཀྱང་ནི་རབ་ཏུ་འདིང་བར་བྱེད།། གཙུག་གི་ནོར་བུ་དོ་ཤལ་མཛེས་པ་དག། རིང་ཐང་བྱེ་བ་ཕྲག་ནི་བརྒྱ་རི་བས།། དགེ་སློང་དེ་ལ་མངོན་པར་གཡོགས་ནས་ནི།། དགའ་ནས་བྱང་ཆུབ་ཕྱིར།
344a5 ཡང་རབ་ཏུ་ཞུགས།། དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ། སྐྱེ་བོའི་ཚོགས་ཀྱང་ལོག་གོ་སྙམ་མོ།།
344a6 སྐྱེ་བོ་དེ་དག་ཀྱང་ནོར་བུ་དང་གདུ་བུ་བཀྲོལ་ལྷམ་བཞག་ནས། བླ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་གལ་བ་དེ་ལོགས་སུ་ཐལ
344a7 མོ་སྦྱར་ནས་ཕྱག་འཚལ་ལོ། ། དགེ་སློང་དེ་བྱད་གཟུགས་བཟང་བ་ཙམ་དུ་རྒྱལ་པོ་དཔའ་བས་བྱིན་བྱད་བཞིན་མི་བཟང་། དེ་ཙམ་དུ་བལྟ་ན་སྡུག་པ་མ་ཡིན། དེ་ཙམ་དུ་མཛེས་པ་མ་ཡིན་ཏེ།
iiif viewer powered by OpenSeadragon
343b - 344b