e-texts navigator
Collection
Volume
Page
Wylie

343a1 སྟོང་ལྡན་མུན་ནགས་རབ་ཏུ་སེལ། ། ཕྱོགས་རྣམས་ཀུན་ཏུ་སྣང་བ་བགྱིད་པ་ལྷུར།། དེ་བཞིན་དགེ་སློང་བྱོན་པ་མཛེས་པར་གྱུར།། བསྐལ་པ་མཐུའ་ཡས་རྒྱ་ཆེ
343a2 སྦྱིན་པ་བྱིན། ། ཚུལ་ཁྲིམས་མ་འདྲེས་རྟག་ཏུ་བསྲུང་བ་བགྱིས།། བཟོད་པ་མཚུངས་མེད་འཇིག་རྟེན་ཀུན་ཏུ་བསྒོམས།། དེ་ནི་མཚན་གྱིས་བརྒྱན་ཅིང་འདི་ལྟར་མཛེས།། འངག
343a3 པའི་སྐྱེ་བོས་རབ་བསྟོད་བརྩོན་འགྲུས་བསྐྱེད། ། བསམ་གཏན་བཞི་ཡང་ཞུམ་མེད་སེམས་ཀྱིས་བསྙེན།། ཉོན་མོངས་དྲ་བ་བསལ་ཅིང་ཤེས་རབ་སྐྱེད།། དེ་ཕྱིར་དགེ་སློང་འཇིག་རྟེན
343a4 ཀུན་ཏུ་གདའ། ། སངས་རྒྱས་བསྟན་པ་མཚུངས་མེད་སེམས་ཅན་སྙིང་པོ་སྟེ།། དཔའ་བོ་འདས་པས་ཆོས་མཆོག་དག་ཀྱང་རབ་ཏུ་བཤད།། མ་འོངས་དུས་དང་དེ་བཞིན་ད་ལྟར་བྱུང་བ་ཡིས།།
343a5 ཆོས་ཀྱི་རྒྱལ་པོ་དབང་བསྙེས་རྣམས་ཀྱི་སྲས་དེ་ལགས།། དགེ་སློང་ཁྱོད་ནི་མི་རྟག་ནམ་ཡང་མ་གྱུར་ཅིག། གཟུགས་ནི་འདི་ལྟར་འཇིག་རྟེན་ཀུན་ན་རབ་ཏུ་ལྷན།། གཟི་བརྗིད་ཆེ་ཞིང་དབྱངས
343a6 སྒྲ་ཤིན་ཏུ་སྙན་པར་གདབ། ། རྒྱལ་པོ་གཟི་བརྗིད་ཤིན་ཏུ་ལྷམ་མེ་སྣང་མི་བགྱིད།། ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་རབ་རྟོགས་ཤིང་།། སངས་རྒྱས་དག་གིས་བཀའ་སྩལ་འཇིག་རྟེན
343a7 ཀུན་དུ་རྒྱུ། ། དེ་བཞིན་བདག་ཅག་བུད་མེད་དངོས་པོ་ཀུན་སྤངས་ཏེ།། བདག་ཅག་ཐམས་ཅད་དགེ་སློང་འདི་བཞིན་འགྱུར་བར་བགྱི།། དེ་དག་ཐམས་ཅད་སོར་བཅུ་ཐལ་མོ་སྦྱར་བྱས་ནས།




iiif viewer powered by OpenSeadragon

342b - 343b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo