| | e-texts navigator
|
342b1 བཞག་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།།
342b2 དགེ་སློང་འདི་ནི་བྱོན་པའི་ཚེ།། ཉི་མ་ལྟ་བུར་ཐམས་ཅད་དུ།། འདི་དག་རབ་ཏུ་སྣང་བར་བགྱིས།། སྐྱེ་བོའི་ཚོགས་ཀྱང་འདུན་པར་འགྱུར།། འདོད་ཆགས་ཞེ་སྡང་རྒྱུན་བཅད་ཅིང་།། གཏི་མུག
342b3 དག་ཀྱང་སེལ་བར་གྱུར། ། དེ་ཚེ་ཞེ་སྡང་ཁྲོ་བ་དང་།། ཕྲག་དོག་ཐམས་ཅད་བཅད་པར་གྱུར།། རྒྱལ་པོ་དཔའ་བས་བྱིན་པ་ཡིན།། ཞམ་རིང་སྲས་ལ་སོགས་པ་ཡང་།། སུ་ཡང་རྒྱལ
342b4 པོ་མི་ལྟ་སྟེ། ། སུ་ཡང་ཞམ་རིང་མི་བགྱིད་དོ།། ཇི་ལྟར་ཟླ་བ་ཉ་བ་ནི།། སྐར་མ་དག་གིས་བསྐོར་བ་བཞིན།། རྒྱལ་པོའི་བུ་ཡིས་མདུན་བདར་བས།། དགེ་སློང་འདི་ཡང་མཛེས་པར་གྱུར།།
342b5 ཇི་ལྟར་གསེར་གཟུགས་རི་མོ་དག། མཁས་པས་རི་མོར་བྲིས་པ་དང་།། ས་ལའི་རྒྱལ་པོ་རྒྱས་པ་ལྟར།། དེ་བཞིན་དགེ་སློང་མཛེས་པར་གྱུར།། མཐུ་ཆེན་བརྒྱ་བྱིན་ལྷ་ཡི་དབང་པོ་ནི།།
342b6 གྲོང་ཁྱེར་འཇིག་པ་བདག་པོ་མིག་སྟོང་ལྡན།། རི་རབ་སྤྱི་ལ་སུམ་ཅུ་རྩ་གསུམ་དབང་།། དེ་བཞིན་དགེ་སློང་བྱོན་པ་འདི་ཡང་མཛེས།། ཚངས་པའི་འཇིག་རྟེན་ཚངས་པ་གནས་པ་འདྲ།།
342b7 འཕྲུལ་ལྷ་ཡི་བུ་ནི་ལྷ་དབང་བཞིན།། འདོད་ཁམས་འཐབ་བྲལ་མཆོག་གི་ལྷ་བཞིན་དུ།། དགེ་སློང་བྱོན་པ་འདི་ཡང་རབ་ཏུ་མཛེས།། ཉི་མ་བཞིན་དུ་བར་སྣང་ལྷན་ནེར་བགྱིས།། འོད
iiif viewer powered by OpenSeadragon
342a - 343a