e-texts navigator
Collection
Volume
Page
Wylie

341b1 པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ།། དེ་ཉི་མ་ལྔ་ཟས་བཅད་པ་བཅད་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ
341b2 བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ།། དེ་དེའི་ནུབ་མོ་འདས་ནས། དེ་སྔ་དྲོ་དྲུག་པ་ལ་རྒྱལ་པོའི་ཕོ་བྲང་འཁོར
341b3 རིན་ཆེན་ལྡན་དུ་ཞུགས་ནས། རྒྱལ་པོའི་བུ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ། ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ།། དེ་ཉི་མ་དྲུག་ཟས་བཅད་པ
341b4 བཅད་ནས། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ།།
341b5 དེའི་ནུབ་མོ་འདས་ནས། དེ་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས། རྒྱལ་པོ་དཔའ་བས་བྱིན་བསྐྱེད་མོས་ཚལ་དུ་འགྲོ་བ་མཐོང་སྟེ། གསེར་གྱི་ཤིང
341b6 རྟ་ལ་ངོས་ནི་དངུལ། མངའ་ནི་སྦྲུལ་གྱི་སྙིང་པོའི་ཙན་དན། འཁོར་ལོ་ནི་བཻ་ཌཱུཪྻ། གདུགས་དང་། རྒྱལ་མཚན་དང་། བ་དཱན་བསྒྲེང་བ་དང་། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱི་རྒྱན་པ
341b7 ཤིང་རྟའི་མདའ་ལ་དར་གྱིས་དཀྲིས་ཤིང་རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་དེ། བུ་མོ་གཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི་ཐ་གུས་གཏགས་ཤིང་འདྲེན་སྟེ། དེ་དག་བྱད་བཞིན་བཟང




iiif viewer powered by OpenSeadragon

341a - 342a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo