e-texts navigator
Collection
Volume
Page
Wylie

340a1 དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ། ཇི་སྙེད་སྔོན་གྱི་བདེ་གཤེགས་བྱུང་བ་ནི།། ཐམས་ཅད་མཁྱེན་ཅིང་ཟག་པ་ཟད་པ་རྣམས།། དེ་དག་ཐམས་ཅད་འཇིག་རྟེན་རྔོན
340a2 མཛད་དེ། ། སྲིད་པ་གསུམ་དུ་བྱང་ཆུབ་དམ་པ་རྟོགས།། སྤྱད་པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ།། དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན།། དེ་ཡི་རྗེས་བསླབས་བྱང་ཆུབ་སེམས
340a3 དཔའ་ཡང་། ། སེམས་ཅན་ཁྲག་ཁྲིག་རྣམས་ཀྱི་སྐྱབས་བྱེད་འདོད།། དྲང་སྲོང་མ་བས་ལ་ཀུན་གྱིས་བསྐོར་བྱས་ཏེ།། རྐང་པ་ལ་ཡང་ཕྱག་འཚལ་ཤུགས་ཕྱུང་ནས།། མི་ཟད་སྙིང
340a4 རྗེ་བར་ནི་སྒྲ་འབྱིན་ཅིང་། ། ཉམ་ཐག་མི་བདེ་ཆོ་ངེས་བདེབས་པར་བྱེད།། ཁ་ཅིག་རབ་ཏུ་འགྱེལ་ཅིང་བརྒྱལ་ནས་སུ།། ས་ལ་ལྟུང་བ་ས་ལ་བཅད་འགྱེད་བཞིན།། འོན་ཀྱང་དྲང
340a5 སློང་སེམས་ཅན་དོན་འདོད་པ། ། བསོད་ནམས་བསགས་པས་དེ་ལས་ཕྱིར་མ་ལོག། དྲང་སྲོང་ཆོས་གོས་ལྷུང་བཟེད་ཐོགས་ནས་ཆས།། ཇི་ལྟར་སེང་གེ་རལ་པ་ཅན་དག་བཞིན།
340a6 ནི་ཆོས་ཀྱི་རང་བཞིན་གནས་པས་ན།། དེ་ལ་ཡོན་ཏན་ཉེས་པར་བྱེ་བ་མེད།། འཇིག་རྟེན་འདིར་ནི་ནགས་ཁྲོད་བདག་གནས་པས།། སེམས་ཅན་ངན་སོང་སོང་ན་མ་ལེགས་ཤེས།
340a7 ནི་སེམས་ཅན་བསླབས་པའི་དོན་གྱི་ཕྱིར།། གྲོང་ཁྱེར་པོ་བྲང་མཆོག་དུ་སོང་བར་གྱུར། དེ་ནས་ཆོས་སླབ་མེ་ཏོག་བླ་མཛེས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང




iiif viewer powered by OpenSeadragon

339b - 340b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo