| | e-texts navigator
|
339b1 ཅན་རྣམས་ཀྱང་བསྒྲུབ་པའི་ཕྱིར། ། གྲོང་དང་རྒྱལ་པོའི་ཕོ་བྲང་འགྲོ་བར་བྱ།། བློ་གྲོས་ཆེ་འཆུང་སེམས་ཅན་དམ་པའི་མཆོག། དྲུང་སྲོང་དེ་ནི་འགྲོ་བར་བྱས་པ་དང་།། ཁ་ཅིག་རྐང་།
339b2 པ་ལ་ཡང་འཇུ་བར་བྱེད།། སྙིང་རྗེ་བར་ཡང་ངུ་ཞིང་མཆི་མ་ཟག། མཁས་པ་བློ་གྲོས་ཆེན་པོ་མ་བཞུད་པར།། སྒྲ་འཇམ་ཡིད་དུ་འོང་ཞིང་མཛེས་པ་ཡི།། ཤིང་འདི་རྣམས་ལ
339b3 གཟིགས་ཤིང་རྟོག་པ་མཛོད། ། བདག་ཉིད་བསྲུང་བ་མཛོད་ལ་མ་བཞུད་ཅིག། སྔོན་གྱི་སྟོབས་བཅུ་འདྲེན་པ་དེ་དག་ཀྱང་།། དབང་པོ་ཞི་ཞིང་ཤིན་ཏུ་ངེས་པ་རྣམས།། ནགས
339b4 ཚལ་བྲག་དང་རི་ཡི་རྩེར་གཤེགས་ནས། ། བྱང་ཆུབ་དམ་པ་དག་ནི་ཐུགས་སུ་ཆུད།། བྱང་ཆུབ་རྒྱུ་ཡང་སྤྱོད་པ་དམ་པ་སྤྱོད།། དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན།། དེ
339b5 དག་རྗེས་སློབས་ནགས་ཁྲོད་གནས་པར་མཛོད། ། བརྟུལ་ཞུགས་བཟང་པོ་འདི་ནས་མ་བཞུད་ཅིག། ལུས་ནི་ཤིན་ཏུ་མཛེས་པའི་མཚན་གྱིས་རྒྱན།། ཁྱོད་ཀྱི་སྐྲ་ཡང་མཐོན་ཏིང་ཁ
339b6 དོག་སྟེ། ། གསེར་གྱི་མདོག་དང་འདྲ་བ་འོད་བྱེད་པ།། ས་འདི་ཀུན་ཀྱང་རབ་ཏུ་སྣང་བར་གྱུར།། ཁྱོད་ཀྱི་མཛོད་སྤུ་བཞིན་གྱི་སྨིན་མཚམས་ན།། ཤིན་ཏུ་མཛེས་པ་དུང་དང་འདྲ་བའི
339b7 འོད། རྒྱལ་པོ་དག་ཀྱང་དེ་བཞིན་སྲིད་ཀྱི་ཕྱིར།། ཕྲག་དོག་བསྐྱེད་ནས་ཁྱོད་ཀྱིས་ལུས་བཤིག་འགྱུར།། དེ་ནས་ཆོས་སྤུ་མེ་ཏོག་ཟླ་མཛེས་ཀྱིས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ
iiif viewer powered by OpenSeadragon
339a - 340a