| | e-texts navigator
|
338a1 ཀྱི་རྣམ་གྲངས་འདི་མཉན་པ་རྙེད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། གལ་ཏེ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ
338a2 པ་མ་རྙེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དག་མཐོང་ངོ་།། དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་ལས
338a3 ལངས་ནས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ག་ལ་ཡོད་པ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དག་ཁོ་བོ་ནི
338a4 འགྲོའོ། ། གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ལ་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ།།
338a5 དེ་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་གིས་ཆོས་སྤྲང་མེ་ཏོག་ཟླ་མཛེས་ལྔ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནགས་ཁྲོད་འདི་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། ལྗོངས་དང
338a6 ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་བ་ནི། ཁོ་བོ་ཅག་འདོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དང་། དགེ་སྦྱོང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལྷག་པའི
338a7 རྒྱལ་ཅན་མང་པོ་དམ་པའི་ཆོས་སྤོང་བ་དག་བྱུང་བའི་དུས་ལ་བབ་ཀྱིས། དེ་དག་ཚེ་དང་ལྡན་པའི་སྲོག་གཅོད་པར་གྱུར་ན་མ་ལེགས་སོ།། ཚེ་དང་ལྡན་པ་ནི་ཤིན་ཏུ་མཛེས་ཤིང་བྱང་བཞིན་བཟང་ལ་བལྟན།
iiif viewer powered by OpenSeadragon
337b - 338b