e-texts navigator
Collection
Volume
Page
Wylie

335b1 ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཡོངས་སུ་བརྟག་པ་བཟུང་སྟེ། སྐྱེས་བུ་དེ་ལུས་ལ་མེ་འབར་བ་མཱ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང
335b2 ལྡན་པར་གྱུར་ཏེ། རྩེ་བ་དང་། དགའ་བ་དང་། ཡོངས་སུ་སྤྱོད་པ་བྱེད་དུ་ཟིན་ཀྱང་། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་རྣམས
335b3 ངན་སོང་གསུམ་གྱིས་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་མཐོང་ནས་ཡིད་བདེ་བ་འམ། སེམས་དགའ་བ་མ་བྱུང་ངོ་།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང
335b4 དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་དང་། ཚུལ་ཁྲིམས་འདྲེས་མ་མ་ཡིན་པ་དང་། ཚུལ་ཁྲིམས་སྲ
335b5 སྲེར་མ་གྱུར་པ་དང་། ཚུལ་ཁྲིམས་མ་བ་བོགས་པ་དང་། ཚུལ་ཁྲིམས་མ་གཡོས་པ་དང་། ཚུལ་ཁྲིམས་མ་སློངས་པ་དང་། ཚུལ་ཁྲིམས་མ་འཁྲུགས་པ་དང་། ཚུལ་ཁྲིམས་མི་ཡེང
335b6 པ་དང་། ཚུལ་ཁྲིམས་གཞན་ལ་སྟོན་པ་མ་ཡིན་པ་དང་། ཚུལ་ཁྲིམས་མི་སླུ་བ་དང་། ཚུལ་ཁྲིམས་དྲང་བ་དང་། ཚུལ་ཁྲིམས་དམ་བཅས་པ་བཞིན་དུ་བྱེད་པ་དང་། ཚུལ་ཁྲིམས་སེམས
335b7 ཅན་རྣམས་ལ་ཕན་པ་དོག་པ་ཡིན་ཏེ། དེ་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པ་མཐའ་ཡས་པ་སྤྱོད་པ




iiif viewer powered by OpenSeadragon

335a - 336a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo