| | e-texts navigator
|
334b1 ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་བྱེན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས
334b2 འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེའི་ཕྱིར་ཀུན་དགའ་བོ་བདག་གིས་སྟན་ལ་འདུག་ལ།
334b3 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ལུང་བསྟན་པས། ངས་ཁྱོད་ཀྱིས་སེམས་རངས་པར
334b4 བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཞུས་པ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་བདག
334b5 ལ་སྐབས་ཕྱེའོ། ། བདེ་བར་གཤེགས་པ་བདག་ལ་སྐབས་ཕྱེའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་གནང་བ་དང་། བཅོམ་ལྡན་འདས་ཀྱིས་སྤྱན
334b6 སྔར་སྟན་ལས་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ
334b7 མཐའ་ཡས་པ་སྤྱོད་པ་དག། ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། རྣ་བ་བཅད་པ་དང་། སྣ་བཅད་པ་དང་། མིག་དབྱུང་བ་དང་། མགོ་བཅད་པ་དང་། ལུས་བཅད་པ་དང
iiif viewer powered by OpenSeadragon
334a - 335a