| | e-texts navigator
|
330a1 ལྟར་བདག་གིས་རྩི་འདི་དག་བདག་གི་ལུས་ལས་བཅད་དེ། ཇི་སྐད་བསྟན་པ་བཞིན་དུ་ཁྲག་གསར་པ་དང་། ཤ་གསར་པ་སྦྱིན་པར་བྱའོ།། རྒྱལ་པོའི་ཕོ་བྲང་ན
330a2 བདག་ནི་ཐམས་ཅད་ཀྱི་ནང་ན་གཞོན་ཞིང་ཆུང་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ལ། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ཤེས་བཙལ་བར་ཆོས་སྨྲ་བ
330a3 ཀུན་ནས་ཉོན་མོངས་པ་མེད་པ་ལ། བདག་གི་ལུས་ཀྱི་ཤ་དང་ཁྲག་ཕུལ་ཏེ། དགེ་སློང་འདི་ཅི་ནས་ཀྱང་ནང་འདི་ལས་སོས་པར་བྱའོ་སྙམ་མོ།། དེ་ནས་རྒྱལ་པོའི་བུ་མོ་ཡེ་ཤེས
330a4 ལྡན་དེ་རང་གི་གནས་སུ་སོང་ནས། མཚོན་རྣོན་པོ་ཐོགས་ཏེ། ཆོས་ལ་ཞུགས་པའི་ཡིད་ཀྱིས། བདག་གི་བརླ་ལཱ་ཤ་བཅད་ནས་རོ་སྣ་ཚོགས་དང་ལྡན་པ་གྱ་ནོམ་པར་གཡོས་བྱས
330a5 ནས་ཁྲག་ཀྱང་ཐོགས་ཏེ། འཕགས་པ་དེའི་དྲུང་དུ་སོང་ནས། རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་མདུན་དུ་འདུག་སྟེ། ཁྲག་གིས་འབྲུམ་བུ་མེ་དཔལ་ནག་པོ་དེ་ལ་བྱུགས་ནས། གཡོས
330a6 ལེགས་པར་བྱས་པའི་ཟས་དེ་དགེ་སློང་དེ་ཟར་བཅུག་སྟེ། འགྲངས་པར་བྱེད་ཅིང་ལེགས་པར་བསྟབས་སོ།། དེ་ནས་དགེ་སློང་དེ་མི་ཤེས་མ་རིག་མི་དོགས་པས། ཟས་དེ་ཟས་སོ།།
330a7 ཟས་དེ་ཟོས་མ་ཐག་ཏུ་དགེ་སློང་དེའི་ནད་ཐམས་ཅད་མེད་པར་གྱུར་ཏེ། ནད་དེ་ཐམས་ཅད་ཀྱང་སོས་སོ།། དེ་ཡོངས་སུ་གདུང་བ་དང་བྲལ་ཞིང་བདེ་བ་དང་ལྡན་པས། དེ་ལྟ་དེ་ལྟ་བུར
iiif viewer powered by OpenSeadragon
329b - 330b