e-texts navigator
Collection
Volume
Page
Wylie

327b1 ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་གཡོ་མེད་པས་བསྟེན་པར་བྱ། བསྙེན་པར་བྱ། རིམ་ཐོར་བྱའོ།། དེ་ལ་ག་མ
327b2 མེད་པ་དེ་ནི་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་བར་གྱུར་ཅིང་། ནད་མི་བཟད་པས་བཏབ་པ་ལས། རང་གི་ཤ་དང་ཁྲག་གིས་ཀྱང་དགེ་སློང་དེ་ན་བ་དེ།
327b3 ལས་བསླང་བར་སྤྲོ་བར་བྱའོ།། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར
327b4 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། གཡོ་མེད་ཅིང་འཇིགས་པ་མེད་པས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་སྟེ། དགེ་སློང་ཆོས་སྨྲ་བར་ན་བ་ལས་བསླང
327b5 བར་བྱའོ། ། གཞོན་ནུ་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ
327b6 བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས
327b7 འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ




iiif viewer powered by OpenSeadragon

327a - 328a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo