| | e-texts navigator
|
327a1 སྦྱིན་པ་འདི་ཡི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་དང་པོའོ། ། དགེ་བའི་བཤེས་གཉེན་གང་དག་ལ་ཐབས་མཁས་པ་ཐོས་ཞིང་འཛིན་པར་འགྱུར་བ་དང་།
327a2 ཀུན་ཆུབ་པར་བྱ་བ་དང་། འཆང་བ་དང་། ཀློག་པར་འགྱུར་བ་དང་། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དགེ་བའི་བཤེས་གཉེན་དེ་དག
327a3 དང་བདག་རྟག་ཏུ་འགྲོགས་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གཉིས་པའོ། ། ལོངས་སྤྱོད་ཐོབ་པ་གང་འཇིག་རྟེན་ཐམས་ཅད་འཚོ་བར
327a4 འགྱུར་བའི་ལོངས་སྤྱོད་ཐོབ་པ་དེ་དག་དང་བདག་ཕྲད་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་དེ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གསུམ་པའོ། ། བདག་གི་ལུས་གྲུབ་པས་སེམས
327a5 ཅན་རྣམས་ལ་ཆོས་ཀྱིས་ཕན་བདགས་པ་དང་། ཟང་ཟིང་གིས་ཕན་གདགས་པ་དང་།། ཕན་གདགས་པ་གཉིས་ཀྱིས་ཕན་འདོགས་པར་འགྱུར་པའི་བདག་གི་ལུས་གྲུབ་པར་གྱུར་ཅིག་ཅེས་སྦྱིན་པའི
327a6 དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་བཞི་པ་སྟེ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྔོ་བ་འདི་བཞིས་དགེ་བའི་རྩ་བ་རྣམས་བསྔོ་བར་བྱའོ།། གཞན
327a7 ཡང་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བ་ཡང་རུང་། ཁྱིམ་པ་ཡང་རུང་སྟེ། ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
iiif viewer powered by OpenSeadragon
326b - 327b