e-texts navigator
Collection
Volume
Page
Wylie

326b1 སྒྲ་སྒྲོགས་པ། ། བསྐལ་པ་སྟོང་གི་བར་དུ་ནི།། བྱང་ཆུབ་སྤྱད་པ་སྤྱོད་པ་ན།། ང་ནི་བདེ་བས་བྱིན་པར་གྱུར།། མ་ཕམ་པ་ནི་དཔལ་དབྱངས་ཡིན།། དགེ་སློང་བདེ་བས་བྱིན་པ་ནི།། མཐོང་མ་ཐག་ཏུ།
326b2 དེའི་ཚེ།། བུད་མེད་དག་ཀྱང་མཐའ་ཡས་པ།། བུད་མེད་དངོས་པོ་རྣམ་པར་ལོག། མི་དབང་གིས་ནི་ལུང་བསྟན་ཏེ།། དེ་དག་ཕྱིར་ཡང་ལྡོག་པ་མེད།། འཇིག་རྟེན་ཀུན་གྱི་འདྲེན་པ་སྟེ།། རབ་ཏུ།
326b3 འགྱུར་ཞེས་ལུང་ཡང་བསྟན།། སྦྱངས་པའི་ཡོན་ཏན་བསྟན་པ་ཡི།། མཁས་པས་མདོ་སྡེ་འདི་ཐོས་ནས།། ལུས་ལ་ཕངས་པ་མེད་བྱེད་པར།། ཆོས་འདི་རྗེས་སུ་བསླབ་པར་བགྱིས།། བདེ་བས
326b4 བྱིན་གྱི་ལེའུ་སྐྱེ་སུ་ཅུ་ཅུ་བཞིར། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས
326b5 དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དགེ་བའི་རྩ་བ་རྣམས་ལ་ཉེ་བར་གནས་ན།
326b6 ཆོས་ཀྱི་སྦྱིན་པ་འམ། ཟང་ཟིང་གི་སྦྱིན་པ་ལ་བརྩོན་པར་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྦྱིན་པ་དེ་ཡང་སྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ།། བཞི་གང་ཞེན
326b7 འདི་ལྟ་སྟེ། ཐས་ལ་མཁས་པ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐབས་མཁས་པ་དེ་དག་ཐོབ་པར་འགྱུར་བར




iiif viewer powered by OpenSeadragon

326a - 327a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo