e-texts navigator
Collection
Volume
Page
Wylie

325b1 གྱིས་མི་ཁྱབ་པ། ། ཐེག་པ་མཆོག་ལ་གནས་པར་གྱུར།། དགེ་སློང་བདེ་བས་བྱིན་པ་ཡིས།། ཇི་སྙེད་ཀྱི་ནི་དོན་བྱས་པ།། དེ་ནི་མི་ཟད་བསམ་མི་ཁྱབ།། སངས་རྒྱས་དག་གི་ཡེ་ཤེས་འཇུག
325b2 བདེན་པ་གང་གི་ཆོས་དེ་ནི། ། ལག་ལ་ཞེས་ཀྱང་བྱ་བདེན་ན།། བདེན་པ་དེ་ཡིས་སྔོན་ལྟར་བདག། ལག་པ་མྱུར་དུ་བྱུང་བར་ཤོག། བདེན་པ་གང་གིས་ཆོས་དེ་ནི།། བདེ་བས་བྱིན་པ་ཡོད་མ་ཡིན།། ཕྱོགས
325b3 རྣམསུ་ལ་བཙལ་ནས་ཡང་། ། སྟོང་པ་ཡིན་པས་མི་དམིགས་སོ།། སྒྲ་གྲག་འབྱུང་བར་གྱུར་པ་ཡང་།། དེ་ནི་སྟོང་པར་རིག་པར་གྱིས།། སྒྲ་ནི་བྲག་ཆ་ལྟ་བུ་སྟེ།། ཆོས་རྣམས་དེ་ལྟར་ཤེས་པར
325b4 བགྱི། ། ནམ་ཞིག་འཇིགས་པ་མེད་འགྱུར་ཞིང་།། སྟོང་པ་རྟོགས་པ་ཁོང་དུ་ཆུད།། བདེན་པ་ཡི་ནི་ཚིག་དེ་ཡིས།། འཇིག་རྟེན་ཐམས་ཅད་ཚིག་མི་འགྱུར།། སྲིད་གསུམ་སེམས་ཅན་ཇི་སྙེད་པ།།
325b5 ལྷ་རྣམས་དང་ནི་མི་རྣམས་ཀྱང་།། ཐམས་ཅད་མཁྱེན་པའི་གཟི་བརྗིད་ཀྱིས།། ཐམས་ཅད་མཉམ་པར་གཞག་པར་ཤོག། ཇི་སྙེད་ལྷ་དང་མི་དག་གི། འཚེ་བར་གྱུར་ཅིང་ཅི་ཡོད་པ།། ཕྱིར་མི
325b6 ལྡོག་པའི་གཟི་བརྗིད་ཀྱིས། ། དེ་དག་ཐམས་ཅད་ཞི་བར་ཤོག། ཚིགས་བཅད་འདི་དག་བཤད་པ་དང་།། ལག་པ་ཡང་ནི་སླར་སྐྱེས་ཏེ།། བདེ་བས་བྱིན་པ་དེ་ཡི་ལུས།། མཚན་རྣམས་ཀྱིས
325b7 ནི་རྣམ་པར་བརྒྱན། ། ལྷ་ཡང་བྱེ་བ་ཕྲག་སྟོང་རྣམས།། བར་སྣང་ལ་ནི་འདུག་ནས་སུ།། དེ་ཚེ་མེ་ཏོག་མནྡ་རས།། དགེ་སློང་དེ་ལ་འཐོར་བར་བྱེད།། མི་མ་ཡིན་པའི་མེ་ཏོག་གིས།། འཇམ




iiif viewer powered by OpenSeadragon

325a - 326a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo